བདེ་ཆེན་གྱིས་ཁྱབ་ཁོངས་ཆེན་པོ་བརྒྱད་ཀྱི་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     གསར་འགོད་པར་ཁུལ་གཏིང་ཟབ་སྒྱུར་བཅོས་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་དོན་སྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ད་ལོ་རང་ཁུལ་གྱིས་ཁྱབ་ཁོངས་བརྒྱད་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ་མངོན་འགྱུར་བྱུང་ཡོད།

    དཔལ་འབྱོར་སྒྲིག་སྲོལ་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་ཐོན་ལས་ཕྲེང་བ་དང་མཁོ་སྤྲོད་འབྲེལ་ཐག་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་བདེ་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། གྲངས་འཛིན་བདེ་འཇགས་དོ་དམ་ཚད་གཞི་ཚད་ལྡན་འཐུས་ཚང་དུ་གཏོང་བ། རིག་གནས་ཡུལ་སྐོར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་བཅས་ཚུད་ཡོད།

    ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ནང་གྲོང་གསེབ་དར་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་གཙོ་གནད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར་འདོན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཚུད་ཡོད།

    དམངས་གཙོ་དང་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་དམངས་ཆེན་གྱི་འཐུས་མིའི་འབྲེལ་གཏུག་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་།    བོད་བརྒྱུད་ནང་བསྟན་དོ་དམ་ལམ་ལུགས་ཅན་དུ་འགྱུར་བའི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཚུད་ཡོད།

    རིག་སློབ་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་རིག་གནས་སྒྲིག་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་འགྱུར་བ་འཛུགས་སྐྲུན་འཆར་འགོད་རྩ་གནད་གཏན་འབེབས་བྱ་རྒྱུ་དང་། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱ་རྒྱུ། སྤུས་ལེགས་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཁྱོན་ཡོངས་ནས་འཛུགས་རྒྱུའི་ལག་བསྟར་བསམ་འཆར་དངོས་སུ་འདོན་རྒྱུ་བཅས་ཚུད་ཡོད།

    སྤྱི་ཚོཊ་སྒྲིག་སྲོལ་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་སྤྱི་ཚོཊ་བདེ་འཇཊ་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་འཐུས་ཚང་དུ་གཏོང་བའི་ལག་བསྟར་བསམ་འཆར་གཏན་འབེབས་བྱ་རྒྱུ་ཚུད་ཡོད།

    སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱ་རྒྱུ་དང་། ཁུལ་དང་རྫོང་(གྲོང་ཁྱེར)གི་རྒྱལ་ཁོངས་བར་སྟོང་འཆར་འགོད་བཟོ་འགོད་ཁྱོན་ཡོངས་ནས་ལེཊ་འགྲུབ་བྱ་རྒྱུ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་བཅས་ཚུད་ཡོད།

    ཏང་འཛུཊ་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་མཁས་འདེམས་འཇོན་བསྐོ་ལམ་སྲོལ་འཛུཊ་པ་དང་འགན་རིམ་གཞུང་ཞབས་པའི་དོ་དམ་བྱེད་ཐབས་གཏན་འབེབས་བྱ་རྒྱུ་ཚུད་ཡོད།    སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ནང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་། ཁུལ་དང་རྫོང་རིམ་པ་དང་པོའི་ལྟ་ཞིབ་དཔོན་པོའི་རིམ་པ་གཏན་འཁེལ་ལེགས་འགྲུབ་བྱེད་པ། གྲོང་ཚོ་ཐུན་མོང་གི་"མ་དངུལ་གསུམ"་རིམ་སྤར་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་ཚུད་ཡོད།