ནགས་ཕག་མཚོའི་བྱ་རིགས་གནས་སྤོ་བའི་མགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ4པར་ནམ་ཟླ་དྲོད་དུ་ཕྱིན་པས་སེམས་ཀྱི་ཉི་ཟླ་ནགས་ཕག་མཚོ་རུ་དགུན་བསྐྱལ་བའི་བྱ་རིགས་གནས་སྤོ་བའི་མགོ་བརྩམས་ཡོད། ནགས་ཕག་མཚོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་འཕྲེད་རྒྱུག་རི་ཁུལ་གྱི་དུས་བསྟུན་གནས་སྤོ་བྱ་རིགས་ཀྱི་བསྟི་གནས་གལ་ཆེན་ཞིག་ཡིན་ཞིང་།  བྱ་རིགས་འབོར་ཆེན་གྱིས་གནས་འདིར་ངལ་གསོ་དང་དགུན་བསྐྱལ་བཞིན་ཡོད།   ལོ་རེའི་ཟླ9པ་ནས་སང་ལོའི་ཟླ3པའི་བར་ནགས་ཕག་མཚོའི་འདམ་ར་ནས་ཁྲུང་ཁྲུང་སྐེ་ནག་དང་།  བྱ་རྒོད་སོགས་མཐོང་ཐུབ།   གནས་འདི་ནི་རྒྱལ་ནང་གི་གྲངས་ཀ་ཆེས་མང་ཞིང་ཁྱབ་ཚད་གཅིག་བསྡུས་ཆེ་བའི་ཁྲུང་ཁྲུང་ནག་པོའི་དགུན་གཡོལ་ས་དང་གནས་སྤོ་ལམ་མཚམས་ཞིག་ཡིན།