བོད་ཀྱི་ས་ཆ་འདི་ནས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

 ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ལ་ལྷོའི་ཆུ་བེད་ཀྱི་འགག་རྩའི་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཉ་ལམ་གྱིས་ས་བབ་མཐོ་ཤོས་ཀྱི་ཉ་ལམ་གྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བཏོད་པའི་ཁས་ལེན་ཐོབ་པ་རེད།


    ངོ་སྤྲོད་བྱས་པར་གཞིགས་ན། ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་པེ་ཅིང་སྤྱི་ཁྱབ་པུས་ལ་ལྷོའི་ཆུ་བེད་ཀྱི་འགག་རྩའི་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་ལས་གྲྭའི་ཉ་ལམ་གྱི་འབྲེལ་ཡོད་གྲུབ་བྱེད་ལ་ཞིབ་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། ལ་ལྷོའི་ཆུ་བེད་ཀྱི་འགག་རྩའི་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཉ་ལམ་ལ“ས་བབ་མཐོ་ཤོས་ཀྱི་ཉ་ལམ(Highest altitude fish ladder)”གྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་མཚན་སྙན་ཐོབ་ཅིང་། ས་བབ་མཐོ་ཚད་སྨི་4305.21ཡོད་པའི་གཏན་འཁེལ་བྱས་པ་རེད།

    “ལ་ལྷོའི་ཆུ་བེད་ཀྱི་འགག་རྩའི་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་ཉ་ལམ་གྱིས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་བཏོད་པ་ཁས་ལེན་ཐོབ་པས། ལ་ལྷོའི་ཆུ་བེད་ཀྱི་འགག་རྩའི་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་སྐད་གྲགས་ཆོད་ཚད་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་དང་ཆབས་ཅིག ས་མཐོའི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད།