བདེ་ཆེན་གྱི་ཁྱད་ལྡན་ཉམས་ལེན་གྱིས་མགྲོན་པོ་བསུ་ཡོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་དུས་སྐབས་ཤིག་ལ།  བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་མུ་མཐུད་དུ་དྲོད་ཚད་ཇེ་མཐོར་སོང་བ་དང་།  ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།  ཟླ་1པོ་ནས་2པའི་བར་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི285སྣེ་ལེན་བྱས་ཡོད་པ་དང་2019ལོའི་དུས་མཚུངས་ལས་བརྒྱ་ཆ་བརྒྱད་བཅུ་འཕར་ཡོད།

བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གི་ལའོ་ཡའོ་ཧྲན་ལྗོངས་ཁུལ་གྱི་དབེན་པའི་རི་ཁྲོད་དུ་ཡོད་ལ་སྒྲིག་བཀོད་དེང་རབས་ཅན་སོགས་ཀྱི་ཁྱད་ཆོས་ལྡན་པའི་རི་སྐེད་ཀྱི་མགྲོན་ཁང་གིས་ཡུལ་སྐོར་བ་མང་པོ་ཞིག་འདི་གར་རྐང་ཐང་དུ་ལྟ་སྐོར་ཡོང་བར་འགུག་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་ཧུར་ཐག་སྒོས་ཚོང་དང་མ་རྩ་འདྲེན་འགུག་བྱས་ནས་རི་སྐེད་ཀྱི་མགྲོན་ཁང་ཁག་ཅིག་འཛུགས་སྐྲུན་བྱས་ཡོད།  རི་སྐེད་ཀྱི་མགྲོན་ཁང་གི་བཞེངས་སྐྲུན་དང་རྒྱུན་མི་ཆད་པའི་ཡུལ་སྐོར་བ་ཡིས་ས་གནས་དེ་གའི་གྲོང་མི་ལ་ཡུལ་སྐོར་གྱི་ཡོང་འབབ་ཡོད་དུ་བཅུག་པ་དང་། མགྲོན་ཁང་དུ་ལས་ཀ་བྱེད་པ་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་པ་སོགས་ཀྱི་ཚང་མ་ལ་ཡོང་འབབ་མི་ཉུང་བ་ཁྱེར་ཡོད།  མིག་སྔར།  སེམས་ཀྱི་ཉི་ཟླ་ནས་སྟག་མཆོང་གྲོག་རོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཉེ་ཡོད་པ་དང་།  ལམ་རྒྱུད་དུ་པོ་ཏ་མཚོ་ལྗོངས་ཁུལ་དང་།  ཆུ་དཀར་ཆུ་ནག  ཧ་པ་རི་བོ།  སྟག་མཆོང་གྲོག་རོང་སོགས་ཀྱི་ལྗོངས་ཁུལ་བརྒྱུད་ཡོད་པས།  གཞུང་ལམ་དེ་སྐྲུན་ཚར་རྗེས་ཡུལ་སྐོར་བར་སྔར་ལས་ལྷག་པའི་ཡུལ་སྐོར་ཉམས་མྱོང་ཁྱེར་ཡོང་རྒྱུ།

ད་ལོ་ནས་བཟུང་། བདེ་ཆེན་ཁུལ་གྱིས་ཕུན་སུམ་ཚོགས་པའི་དམངས་སྲོལ་དུས་སྟོན་རིག་གནས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་ཡོད་པ་དང་།  ཟླ་1པོ་ནས་2པའི་བར།  བདེ་ཆེན་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་285.07སྣེ་ལེན་བྱས་ཡོད་དེ།  2019ལོའི་དུས་མཚུངས་ལས་87.44%འཕར་ཡོད།  ཡུལ་སྐོར་ཡོང་འབབ་དུང་ཕྱུར་31.12ཡོང་བ་དང་2019ལོའི་དུས་མཚུངས་ལས་88.38%འཕར་ཡོད།  ཡུལ་སྐོར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1.05ལེགས་གྲུབ་བྱུང་ཡོད།