བོད་ལྗོངས་བྱེ་པ་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



1310706229_16799931775691n.jpg

པར་འདི་ནི་བྱེ་པ་གྲོང་ཚོར་ཐུར་ལྟ་བྱས་པའི་རྣམ་པ་རེད།

ཟླ3པར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་དཔྱིད་ཀྱི་སྔོ་མདངས་རྒྱས་ཡོད། 

ཞོགས་པའི་ཆུ་ཚོད9ཐོག་གྲོང་མི་དབྱངས་ཅན་མཚོ་མོ་ཡིས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་དུ་ཁང་བར་གད་བདར་བྱེད་བཞིན་ཡོད་ལ་རེས་སྐོར་གསར་བའི་ཡུལ་སྐོར་བ་ཡོང་བར་བསུ་མ་ཞུ་གྲབས་བྱས་ཡོད། འདི་ཉིད་དང་ཐོག་ཁྱིམ་ཚང་མགྲོན་ཁང་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ན་ནིང་དེ་ལ་འཕོ་འགྱུར་ཆེན་པོ་བྱུང་བ་རེད། ཁོ་མོའི་བུ་མོ་ཟླ་བ་སྒྲོལ་མས་བྱེ་པ་གྲོང་ཚོའི་འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་འགྲོ་བཞིན་པ་མཐོང་རྗེས། ཕ་ཡུལ་དུ་ལོག་ནས་ཕ་མ་དང་མཉམ་དུ་རང་ཁྱིམ་གྱི་མགྲོན་ཁང་བདག་གཉེར་བྱ་རྒྱུ་གདམ་ག་བྱས། ན་ནིང་ཟླ་བ་སྒྲོལ་མས་ཁྱིམ་ཚང་མགྲོན་ཁང་རིམ་སྤོར་བྱས་ནས་ས་འོག་དྲོད་རླངས་སྒྲིག་སྦྱོར་བྱས་པ་མ་ཟད་ད་དུང་སྒེར་ཚུགས་གསང་སྤྱོད་ཁང་གསར་འཛུགས་བྱས་པ་རེད། ཁོ་མོས་གསར་འགོད་པར་ཉེ་བའི་གཟའ་འཁོར་གཅིག་རིང་གི་ཁང་བ་ཡུལ་སྐོར་བས་སྔོན་ཚུད་ནས་མངག་ཉོ་བྱས་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ཡོང་འབབ་སྒོར་ཁྲི30ནས40བར་ཇེ་མཐོར་འགྲོ་རྒྱུ་རེད་ཅེས་བཤད། 

1310706229_16799931775051n.jpg


པར་འདི་ནི་དབྱངས་ཅན་མཚོ་མོས་རང་ཁྱིམ་གྱི་མགྲོན་ཁང་དུ་གད་བདར་བྱེད་བཞིན་པའི་རྣམ་པ་རེད།

བྱེ་པ་གྲོང་ཚོའི་སྐྱེ་ཁམས་ཡོང་འབབ་ཀྱིས་ས་གནས་མང་ཚོགས་ལ་གོ་སྐབས་གསར་བ་བསྐྱལ་ཡོང་བ་མ་ཟད། ཐོན་ལས་གསར་བ་འདི་གར་ཡོང་བའི་ཡིད་དབང་བཀུག་ཡོད། ཁྲེན་ཅོན་ཞི་ནི་ཐད་གཏོང་ཀུང་སིའི་འཁྲབ་ཁྲིད་པ་ཞིག་ཡིན་ལ། ཁོ་རང་བྱེ་པ་གྲོང་ཚོའི་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་ཀྱིས་ཡིད་དབང་བཀུག་ནས་ཡོང་བ་དང་འདི་གར་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། དྲ་རྒྱའི་ཐད་གཏོང་ཐོག་འཚོང་དང་ཡུལ་དངོས་ཉམས་ལེན་སོགས་ཀྱི་ལས་སྒོ་གཉེར་རྩིས་ཡོད། 

ཤིང་སྡོང་གཅོད་པ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་བར་བྱེ་པ་གྲོང་ཚོ་སྐྱེ་ཁམས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་ཡོད། 

ལོ65སོན་པའི་ཨ་ཁུ་འཕགས་གྲུབ་དེ་སྔོན་ཆད་བྱེ་པ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའ་རེན་ཡིན་ལ། འགན་གཅིག་ལྕོགས་འཁུར་བ་ནས་ཆེད་ལས་ནགས་སྲུང་མཁན་གྱི་ལས་དོན་གཉེར་ནས་ལོ20ལྷག་འགོར་བ་རེད། ཉེ་བའི་ལོ་འགའི་རིང་། བྱེ་པ་གྲོང་ཚོས་གྲོང་མིའི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་བསྒྱུར་བཀོད་བྱས། ན་ནིང་བྱེ་པ་གྲོང་ཚོས་ད་དུང་གྲོང་ཚོའི་འགྲོ་ལམ་གཙོ་བོར་རྡོ་ལེབ་འདིང་བ་དང་ཆུ་མཁོ་འདོན་སྒྲིག་ཆས་ཇེ་ལེགས་སུ་བཏང་བ་རེད།

1310706229_16799931776531n.jpg


པར་འདི་ནི་ཡུལ་སྐོར་བས་བྱེ་པ་གྲོང་ཚོའི་གྲུ་ཁར་མཉམ་པར་ལེན་བཞིན་པའི་རྣམ་པ་རེད། 

ད་ལྟའི་བྱེ་པ་གྲོང་ཚོར་མཉམ་སྤྱོད་ལྕགས་རྟ་སོགས་ཐུན་མོང་དཔལ་འབྱོར་ཐོན་ལས་སྐོར་ཞིག་ཡོད་ལ། གྲོང་ཚོ་ཡོངས་སུ་ཁྱིམ་ཚང་མགྲོན་ཁང48ཡོད་པ་དང་ན་ནིང་ཡུལ་སྐོར་དཔལ་འབྱོར་གྱི་ཐད་ཀར་ཡོང་འབབ་སྒོར་ཁྲི470ལྷག་ཟིན་ཡོད། 

“ད་ལྟ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་འདི་གར་ཡོང་བའི་ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཡོང་འབབ་ཡང་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་ཡོད་པས། རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་ངོས་འཛིན་གཅིག་མཐུན་ཞིག་ཏུ་གྱུར་ཡོད”ཅེས་ཟླ་བ་སྒྲོལ་མས་བཤད། །