པོ་ཏ་མཚོ་ལྗོངས་ཁུལ་ལ་བྱ་དགའ་གསུམ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་ཆར། པོ་ཏ་མཚོ་ལྗོངས་ཁུལ་ལ་ཡུན་ནན་ཞིང་ཆེན་ལུས་རྩལ་ཡུལ་སྐོར་སྤུས་དག་རྣམ་གྲངས་ཞིབ་དཔྱད་ཨུ་ལྷན་གྱི་པོ་ཏ་མཚོ་ལྗོངས་ཁུལ《2022ལོའི་ཡུན་ནན་གྱི་ལུས་རྩལ་ཡུལ་སྐོར་སྤུས་དག་མཛེས་ལྗོངས་ཁུལ》དང་། པོ་ཏ་མཚོ་ཡི་རྐང་འགྲོད་རྣམ་གྲངས་ལ་《2022ལོའི་ཡུན་ནན་གྱི་ལུས་རྩལ་ཡུལ་སྐོར་སྤུས་དག་ལམ་ཐིག》། སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཚོགས་ཆེན་ཐོག《2022ལོའི་ཡུན་ནན་གྱི་ལུས་རྩལ་ཡུལ་སྐོར་སྤུས་དག་འགྲན་བསྡུར》བཅས་གསུམ་གྱི་བྱ་དགའ་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་ཞིང་ཆེན་དེ་ཡོངས་ཀྱིས་ལུས་རྩལ་ཡུལ་སྐོར་གྱི་སྤུས་རྟགས་རྣམ་གྲངས་50དང་རྣམ་གྲངས་30ཡི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྣམ་གྲངས་དཔྱད་འདེམས་བྱས་པ་རེད།

    པོ་ཏ་མཚོ་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་ལ། 2022ལོར་མཛེས་ལྗོངས་ཁུལ་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག“ཡུལ་སྐོར་དང་ལུས་རྩལ་ཟུང་དུ་འབྲེལ་བའི”བྱེད་སྒོ་སྤེལ་ལ། མཚོ་སྐོར་རྐང་འཁོར་བཞོན་པའི་རྣམ་གྲངས་གསར་སྤེལ་བྱས་པ། རྐང་འཁོར་བཞོན་པའི་བར་ཐག་སྤྱི་ལེ་3.6ཟིན་ཡོད་པ་རེད།

    པོ་ཏ་མཚོ་ནས་མྱི་ཟུར་གྱི་རྐང་འགྲོད་ལམ་ཐིག་ཧྲིལ་པོར་སྤྱི་ལེ་18.26ཡོད་པ་དང་། ལམ་ཐིག་དེར་2019ལོར་རྒྱལ་ཁབ་རིམ་པའི“ལུས་རྩལ་ཡུལ་སྐོར་རྩེར་སོན་ལམ་ཐིག”བཏོད་ཡོད་པ་རེད།
    སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཚོགས་ཆེན་ནི་པོ་ཏ་མཚོ་ལྗོངས་ཁུལ་གི་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། དེ་གར་གྲོང་གསེབ་ཀྱི་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཉམས་ལེན་བྱས་ནས་སེམས་ཀྱི་ཉི་ཟླའི་གདོད་མའི་ཁྱད་ཆོས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཀྱི་མཛེས་སྡུག་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།