སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་རྫོང་མཁར་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2018ལོའི་ཟླ་8པའི་ཚུན་དུ། སེམས་ཀྱི་ཉི་ཟླི་གྲོང་ཁྱེར་གྱིས་ཞིང་ཡོངས་ལ་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་བ་དང་སྦགས་བཙོག་བཅོས་སྐྱོང་བྱེད་པ། གནོད་བཞི་སེལ་བ། ཟས་རིགས་བློ་བདེ་བ། ཧུར་བརྩོན་གྱིས་སྦྱོང་བརྡར་བྱེད་པ། གཅོང་ནད་ལ་དོ་དམ་ཡག་པོ་བྱེད། ཁྱིམ་ཚང་བདེ་ཐང་ཞེས་པའི་གསར་པའི་ཆེད་དོན་བྱ་སྤྱོད་7རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཞིང་གཙང་སྦྲའི་རྫོང་མཁར་(གྲོང་ཁྱེར་)རིམ་སྤོར་པར་གཞི་སྐྲུན་པ།

    སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་དང་པོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་རྫོང་མཁར་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཇུས་གཞི་(2022—2024ལོ)ཞེས་པ་གཏན་འབེབས་དང་པར་འགྲེམས་བྱེད་པ། བདེ་ཐང་ཁོར་ཡུག་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། རྒྱལ་གཅེས་གཙང་སྦྲའི་ཆེད་དོན་བྱ་སྤྱོད་7ལེགས་སྒྲིག་འཐུས་ཚང་གཏོང་བ། ཆེད་དོན་ལས་དོན་ཚོ་ཆུང་10བཀོད་སྒྲིག་བྱེད་པ། བདེ་ཐང་ཁོར་ཡུག་དང་བདེ་ཐང་སྤྱི་ཚོགས། བདེ་ཐང་ཞབས་ཞུ། བདེ་ཐང་མི་ཚོགས། བདེ་ཐང་རིག་གནས། བདེ་ཐང་ཕྲ་ཕུང་བཅས་ཕྱོགས་6ནས་ལས་ཀ་སྒྲུབ་ཡོད།

    གོམ་སྟབས་རྗེས་མར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གནད་དོན་ལེགས་སྒྲིག་དང་ལྷུ་ཚིགས་ཞན་སར་དམ་འཛིན་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་དམ་འཛིན་བྱེད་པ། ཡིག་ཚགས་བསྡུ་ལེན་དམ་འཛིན་བྱེད་པ། རྒྱལ་ཁབ་གཙང་སྦྲའི་ཤང་གྲོང་གསར་གཏོད་ལ་དམ་འཛིན་བྱེད་པ་སོགས་ལ་ཤུགས་རྒྱག་པ་དང་། ཕྱོགས་ཡོངས་ནས་སྲ་བརྟན་མཐོར་འདེགས་དང་ཆད་བཤེར་ཆད་གསབ་ཞིང་ཆེན་ཞིབ་བཤེར་བསུ་བའི་ལས་ཀ་ཁག་ནན་ཏན་བྱས་ནས། སྔར་ལས་ལྷག་པར་བདེ་ཐང་རྫོང་མཁར་འཛུགས་སྐྲུན་བྱེད་པའི་བྱེད་རིམ་སྐུལ་འདེད་གཏོང་བ།