ཚོན་མདོག་རྣམ་པར་བཀྲ་བའི་གླེགས་བམ་གྲོང་ཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གླེགས་བམ་གྲོང་ཚོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཁ་བ་དཀར་པོའི་ཤར་འདབས་སུ་གནས་པ་རེད། དེ་རི་ཚོགས་ཀྱིས་བསྐོར་བ་དང་ས་ཁམས་ཁོར་ཡུག་ཐུན་མོང་མ་ཡིན་པ་ཞིག་ལྡན། ངོ་མཚར་ཆེ་བའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད།

        

        གླེགས་བམ་གྲོང་ཚོ་ནི་གླེགས་བམ་སྟོད་དང་གླེགས་བམ་སྨད་གཉིས་སུ་དབྱེ་ཡོད། གླེགས་བམ་སྟོད་དེ་སྔོ་ལྗང་ནགས་ཚལ་སྟུག་པོའི་རི་ཕྱེད་དུ་གནས་པ་དང་རི་བབ་ལ་བརྟེན་ནས་བསྐྲུན་པ་ཞིག་རེད། གླེགས་བམ་སྨད་ན་གླེགས་བམ་རྦབ་ཆུ་རུ་འགྲོ་ཐུབ།

        གླེགས་བམ་གྲོང་ཚོ་ཡང་རྐང་བགྲོད་བའི་སྤྲོ་སྐྱིད་གླིང་ཞིག་ཡིན་པ་དང་རི་བོ་དང་རྦབ་ཆུར་བལྟས་ནས་མི་རྣམས་ཀྱི་སེམས་པ་སྐད་ཅིག་ཉིད་དུ་ལྷིང་འཇགས་སུ་གྱུར་ཐུབ། གལ་ཏེ་ཁྱོད་ཀྱིས་འུར་སྒྲ་དང་རིང་དུ་གྱེས་འདོད་ན་གླེགས་བམ་ཡུལ་དུ་ཤོག འདི་ཡི་མཛེས་ལྗོངས་རེ་རེ་ནི་སེམས་ཀྱི་གཏད་ཕྱོགས་ཡིན།