མཚོ་སྔོན་གྱི་གཞོན་ནུ་མ་ཞིག་གིས་ཉི་ཧོང་རྒྱལ་ཁབ་དུ་བྱ་དགའ་བླངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-24   རྩོམ་ཁུངས།    中国藏族网通

        གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ3པའི་ཚེས19ཉིན་ཉི་ཧོང་རྒྱལ་ཁབ་ཀྱི་ན་མེ་གྲོང་ཁྱེར་ཞའོ་སུང་རྫོང་དུ་སྤེལ་བའི2023ལོའི་ཡ་གླིང་གི་འདུར་རྒྱུག་འགྲན་སྡུར་དང་སྤྱི་བསྒྲགས་གདན་འདྲེན་འགྲན་སྡུར་སྟེང་ཀྲུང་གོའི་འཐུས་ཚབ་བྱས་ཏེ་འགྲན་སྡུར་ལ་ཞུགས་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་དང་པོའི་འདུར་རྒྱུག་ལུས་རྩལ་པ་ཉི་སྒྲོལ་མ་གཡང་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ30སྐར་ཆ9ཡི་གྲུབ་འབྲས་ཀྱིས་ཐེངས་འདིའི་བུད་མེད་ཚན་ཆུང་གི་སྤྱི་ལེ20ཡི་འདུར་རྒྱུག་ལས་ཨང་དང་པོ་བླངས་ཤིང་། སྤྱིའི་གྲུབ་འབྲས་ཀྱི་ཨང་གཉིས་པ་ཐོབ། །


འགྲན་སྡུར་མཇུག་རྫོགས་རྗེས་ཉི་སྒྲོལ་མ་གཡང་སྐྱིད་དང་རུ་མི་དག་གིས་མཉམ་དུ་བསྐྱོན་པའི་འདྲ་པར།
འགྲན་སྡུར་ཁྲོད་ཀྱི་ཉི་སྒྲོལ་མ་གཡང་སྐྱིད། ཨང་རྟགས701པ།