ཨ་ཚེ་མའི་ཕུགས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བོད་རིགས་བུ་མོ་དཀྱུས་མ་ཞིག་ནས་གོམ་པ་རེ་རེ་བཞིན་འཇོལ་རྫོང་གི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་ལས་གཏོད་པར་འཚར་ལོངས་བྱུང་བའི་ཨ་ཚེ་མས་ཡུལ་མི་ཚོ་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

        2017ལོར་ཨ་ཚེ་མས་ས་གནས་དེ་གའི་སྲོལ་རྒྱུན་ཞིང་ལས་ཐོན་རྫས་ཀུང་སི་སྟེ་འཇོལ་རྫོང་ཨ་ཚེ་མ་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་རེད། ད་ཆ་ལོ་46་ལ་སླེབས་པའི་ཨ་ཚེ་མ་ལ་འཇོལ་རྫོང་གི་“གྲོང་གསེབ་ཀྱི་སྣེ་ཁྲིད་ཕྱུག་འགྱུར་བུད་མེད་འཇོན་ཐང་ཅན་”དང་“གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པ་མཛེས་ཤོས་”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་གཞན་ཡང་ཨ་ཚེ་མ་ད་དུང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ཨུ་ཡོན། འཇོལ་རྫོང་གི་སྲིད་ཞུགས་སྲིད་གླེང་གི་ཤེས་ལྡན་པའི་མཛོད་ཀྱི་རིགས་གཅིག་མཁས་ཅན་བཅས་རེད།

        ཨ་ཚེ་མའི་ཀུང་སིའི་ངེས་གནས་ནི་ཞིང་ལས་ཐོན་རྫས་གསར་སྤེལ་བྱ་རྒྱུ་དེ་ཡིན་པ་སྟེ་“ཀུང་སི+རྟེན་གཞི+ཞིང་དུད་”བཅས་ཀྱི་མངགས་ཐོའི་ཞིང་ལས་རྣམ་པའི་ཐོག་ནས་ཞིང་དུད་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཞིང་འདེབས་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིང་དུད་དང་མངགས་ཐོའི་ཞིང་ལས་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་པ་དང་ས་མཐོའི་ལྗང་མདོག་སྐྱེ་ལྡན་ཞིང་ལས་དམིགས་བསལ་ཐོན་རྫས་འདེབས་འཛུགས་དང་། ལས་སྣོན། ཕྱིར་འཚོང་བཅས་ནས་སྤུས་རྟགས་བྲིན་འཚོང་བར་གྱི་ཐོན་ལས་ཕྲེང་བ་ཆ་ཚང་ཞིག་བསྐྲུན་ཡོད། ཀུང་སིས་འདེབས་འཛུགས་ཉོ་སྒྲུབ་ཀྱི་གྲོས་མཐུན་སྔ་སྣུར་དུ་བཞག་པ་བརྒྱུད་ཞིང་དུད་ལ་ཁྲོམ་རའི་ཉེན་ཁ་ཆུང་དུ་གཏོང་རོགས་བྱས་པ་དང་ཆབས་ཅིག་རིན་མེད་ངང་ཞིང་དུད་ལ་ས་བོན་དང་ལག་རྩལ་མཁོ་འདོན་བྱས་པ་དང་འབྲེལ་ཁྲོམ་རའི་རིན་གོང་ལས་མཐོ་བའི་ཐོག་ནས་ཉོ་སྒྲུབ་བྱས་པས་ཞིང་དུད་ཀྱི་འདེབས་འཛུགས་ཧུར་བརྩོན་རང་བཞིན་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད། གཞན་ཡང་ཐོན་རྫས་ལྗང་མདོག་བདེ་ཐང་འགན་ལེན་བྱ་ཆེད་རྟེན་གཞིའི་ནང་ཁྱིམ་ལུད་ཁོ་ན་སྤྱོད་པ་དང་ལོ་ཏོག་ལོ་རེར་སྨིན་པ། སྤུས་ཀ་ལེགས་པས་རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་ཐོབ་ཀྱི་ཡོད།

        ཨ་ཚེ་མའི་ཀུང་སིར་ད་ཆ་འདེབས་འཛུགས་རྟེན་གཞི་མུའུ་1500ལྷག་ཙམ་ཡོད་པ་དང་། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ། བྲག་ཞབས་ཤང་། གཡག་རྭ་ཤང་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་བཅས་ལ་ཁྱབ་པས་ཞིང་དུད་300ལྷག་ཙམ་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།“ཀུང་སི+རྟེན་གཞི+ཞིང་དུད་”བཅས་ཀྱི་དཔེ་དབྱིབས་གཉེར་སྐྱོང་བྱས་ཚུན་རིམ་རྩིས་བྱས་ན་ཞིང་དུད་800ལྷག་ཙམ་ལ་ཡོང་འབབ་སྒོར་ཁྲི་350ལྷག་ཙམ་བྱུང་བ་དང་ཀུང་སིས་ཁྱོན་ལས་བཟོ་15གདན་ཞུ་བྱས་པ་དང་དུས་ཚིགས་རང་བཞིན་གྱི་ལས་མི་120ལྷག་ཙམ་བཀོལ་སྤྱོད་བྱས་ཡོད། 2021ལོར་ཀུང་སིའི་སྣེ་ཁྲིད་འོག་རྟེན་གཞིའི་འདེབས་འཛུགས་དུད་ཚང་ལ་ཆ་སྙོམས་འབབ་འཕར་སྒོར་3500བྱུང་ཡོད།

        ཁོ་མོས་ད་དུང་གློག་རྡུལ་ཚོང་དོན་དྲ་རྒྱའི་ལས་སྟེགས་གཞན་དག་བརྒྱུད་“ཐད་གཏོང་ཟོག་ཚོང་”དང་མིག་སྔར་ཁྱོན་ཚོང་ཟོག་9ལས་སྟེགས་ཐོག་བྲིན་ཚོང་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ཁོང་གིས་ཐོན་རྫས་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ལས་སྟེགས་(823སྟེགས་བུ)ཐོག་བཏོན་ནས་ཕྱིར་འཚོང་དངུལ་གྲངས་འཕར་བ་མངོན་གྱུར་བྱུང་བ།

        ད་ཆ་ཨ་ཚེ་མའི་ཀུང་སིར་ཆེད་ལས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་3དང་སྨི་ངོས་གྲུ་1000གི་ཚད་ལྡན་ཅན་གྱི་བཟོ་ཁང་ཡོད་པ། རིམ་རྩིས་བྱས་ན་རིགས་ཡོངས་ཀྱི་ཚོང་རྟགས་3ཐོ་འགོད་བྱས་པ་དང་འབྲེལ་ནས་ཀྱི་སྐྱེ་ལྡན་བརྗེ་སྒྱུར་གྱི་ཁས་ལེན་དཔང་འདོན་ལག་ཁྱེར་ཡང་ཐོབ་ཡོད་པ་རེད། མིག་སྔར་གྲོ་དང་ནས་ཀྱི་ཐོན་རྫས་ཀྱི་ལྗང་མདོག་ཁས་ལེན་དཔང་འདོན་ལག་ཁྱེར་རེ་ཞུ་བྱེད་བཞིན་ཡོད