རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། དཔྱིད་མཉམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དཔྱིད་མཉམ་ནི་དུས་ཚིགས་ཉེར་བཞིའི་དུས་ཚིགས་བཞི་པ་ཡིན་ཞིང་། སྤྱིར་བཏང་དུ་ལོ་རེའི་ཟླ་3པའི་ཚེས་20ཉིན་ནམ་ཚེས་21ཉིན་འབྱུང་བ་རེད། དཔྱིད་མཉམ་གྱི་དོན་སྙིང་ཞེས་པ་ནི་ཉིན་གཅིག་གི་དུས་ཚོད་ཉིན་མཚན་མེད་པར་སྙོམས་བགོ་བྱས་ནས་སོ་སོར་ཆུ་ཚོད་12རེ་ཡིན་པ་དང་། དཔྱིད་མཉམ་ནི་དཔྱིད་ཀ་ཟླ་བ་གསུམ་པའི་བར་ཡིན། དཔྱིད་ཀ་ཆ་སྙོམས་སུ་བགོ་བཤའ་བརྒྱབ་ཡོད་པ་རེད། 

        དུས་ཚིགས་འདིར་གནམ་གཤིས་དྲོ་ཞིང་ཆར་ཆུ་འབེལ་བ་དང་། ཉི་འོད་རབ་ཏུ་དྲོ་བ། མེ་ཏོག་སྣ་བརྒྱ་སྐྱེས་ཤིང་ལོ་འདབ་འཇམ་པ། ལྕང་མའི་ཡལ་འདབ་དང་བཅས་པར་ལྗང་མདོག་ལྡན་པ། དཔྱིད་དཔལ་ཡོངས་སུ་བཞད་པ་བཅས་ནི་ལོ་གཅིག་གི་དུས་ཚིགས་ཡག་ཤོས་རེད།