མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་མཐའ་ཆུ་གྲོང་ཚོའི་ཐུའོ་ལུའོ་སྟེང་གྲོང་མིའི་ཚོགས་ཆུང་གི་གྲོང་མིའི་སྡོད་ཁང་ནི་ཤིང་རྡོའི་གྲུབ་ཆ་གཙོ་བོར་བྱེད་པ་དང་། རི་ལ་བརྟེན་ནས་བསྐྲུན་པས་སྡོད་ཁང་ཁྱད་ཆོས་མངོན་གསལ་ལྡན་པ། 2014ལོར་ཚོགས་ཆུང་དེ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་ཐོའི་ཁག་གསུམ་པའི་ནང་བཅུག་པ་རེད།

        ཐུའོ་ལུའོ་སྟེང་གྲོང་མིའི་ཚོགས་ཆུང་ལ་ཁྱོན་དུད་ཚང་40ཡོད་པ། མ་རྨོས་ལོ་ཏོག་དང་། ནས། གྲོ་སོགས་སྲོལ་རྒྱུན་གྱི་ཞིང་ལས་འདེབས་འཛུགས་གཙོ་བོར་བྱེད་ཀྱི་ཡོད། དཔལ་འབྱོར་ཡོང་འབབ་མཐོ་རུ་གཏོང་ཆེད་ཉེ་བའི་ལོ་ཤས་རིང་གྲོང་མི་ཚོས་སྲིད་གཞུང་རིམ་པ་ཁག་གི་ཁྲིད་སྟོན་འོག་རུ་ཏ་དང་། སོ་ལོ། དྭ་བ་སོགས་ཀྲུང་ལུགས་སྨན་རྫས་དང་རྒུན་འབྲུམ་འདེབས་འཛུགས་བྱེད་ཀྱི་ཡོད། གསོ་སྤེལ་ཐད་ཕག་དང་བ་གླང་གཙོ་བོར་གསོ་ཡོད།

        2022ལོར་ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་རྣམ་གྲངས་བརྒྱུད་ཐུའོ་ལུའོ་སྟེང་གྲོང་མིའི་ཚོགས་ཆུང་གིས་སྣུམ་སྙིགས་གཞུང་ལམ་སྨི་ངོས་གྲུ་7410དང་ཆུ་འབུད་ཡུར་བུ་སྨི1661བཏིང་བ་དང་འབྲེལ་ལམ་རྒྱུད་ཀྱི་སྔོ་ལྗང་ཅན་དང་མཛེས་ལྗོངས་ལྟ་སྟེགས་སོགས་བསྐྲུན་པ་རེད། གཞན་ཡང་ཚོགས་ཆུང་ནང་བཙོག་ཆུ་མདོང་དྲ་སྨི་1300ཡོངས་སུ་བཏིང་བ་དང་ལམ་ངོས་གསར་བཟོས་དང་ཉམས་གསོ་སྨི་ངོས་གྲུ1560བྱས་པ། རིག་གནས་བྱེད་སྒོའི་ཐང་ཆེན་དང་དེ་བཞིན་རླངས་འཁོར་འཇོག་ས་སྨི་ངོས་གྲུ་2484གསར་སྐྲུན་བྱས་པ་དང་འབྲེལ་ཉི་ནུས་ལམ་སྒྲོན་དང་། སྤྱི་པའི་གསང་སྤྱོད། གཅིག་བསྡུས་གསོ་སྤེལ་ཕྱུགས་ར་སོགས་གསར་སྐྲུན་བྱས་ཡོད། ད་ཆ་ཐུའོ་ལུའོ་སྟེང་གྲོང་མིའི་ཚོགས་ཆུང་གི་དུད་ཚང་ཚང་མར་འགྲོ་ལམ་ཤར་གཏོང་ཐུབ་པ་དང་དུད་ཚང་ཚང་མར་མཛེས་ལྗོངས་གསར་པ་ཡོད་པས་གྲོང་ཚོའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་མི་རིགས་ཀྱི་ཁྱད་ཆོས་དེ་བས་ཟབ་ཏུ་ཕྱིན་ཡོད།

        གོམ་སྟབས་རྗེས་མར་ཐུའོ་ལུའོ་སྟེང་གྲོང་མི་ཚོགས་ཆུང་གིས་ཁྱད་དུ་འཕགས་པའི་སྣོད་བཅུད་ཁོར་ཡུག་དང་དེ་བཞིན་ལངས་གཟུགས་གནམ་གཤིས་ཀྱི་ཆ་རྐྱེན་གང་ལེགས་སྤྱད་དེ་ས་ཁོངས་རིག་གནས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་གྲོང་གསེབ་ཀྱི་དམངས་སྡོད་དང་ཁམས་གསོ་གཞི་གཅིག་ཅན་གྱི་ཁྱད་ལྡན་གྲོང་ཚོ་བཏོད་དེ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཧུར་ཐག་གཏོད་རྒྱུ་ཡིན་པ།