ཉི་ཤར་གྱི་ཤིང་ཕོར་གྲོང་ཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྒམ་རྒྱུག་གྲོང་ཚོ་ནི་རང་རྒྱལ་གྱི་བོད་རིགས་ཤིང་ཕོར་བཟོ་ས་ཆེན་པོ་གཉིས་ཀྱི་གྲས་ཤིག་ཡིན་པ་དང་། ས་གནས་འདི་གར་ཐོན་སྐྱེད་བྱས་པའི་ཤིང་ཕོར་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད་པ་དང་མི་སེར་དེ་བས་མང་བ་ཞིག་གིས་ཤིང་ཕོར་བཟོས་པའི་རྐྱེན་གྱིས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་"ཤིང་ཕོར་གྲོང་ཚོ་"དེའི་ནང་དུད་ཚང་རེ་རེ་བཞིན་གྱི་ཁྱིམ་ཚང་བཟོ་ཁང་གི་རྣམ་པ་རྒྱུན་མཐུད་བྱེད་བཞིན་ཡོད་པ་དང་། ད་བར་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་བཅུ་ཕྲག་ཁ་ཤས་ཀྱིས་ཆེད་མངགས་ཤིང་ཕོར་དང་ཤིང་ཆས་བཟོ་བའི་ལས་ཀ་བྱེད་ཀྱི་ཡོད།

        ང་ཚོའི་གྲོང་པར་མི་རབས་ནས་མི་རབས་བར་ཤིང་ཕོར་བཟོ་བའི་ལག་རྩལ་ཡོད་པ་དང་། ལོ་རྒྱུས་ཐོག་བོད་རིགས་ནི་དེ་སྔ་སྐྱས་སྤོའི་མི་རིགས་ཤིག་ཡིན་པ་དང་འབྲོག་ལས་གཙོ་བོར་བྱེད་པ་དང་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་དཔྱིད་དབྱར་སྟོན་དགུན་གྱི་རྩྭ་རར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་གནས་སྤོ་བྱེད་ཀྱི་ཡོད་པས། འཁོར་རྒྱུག་རང་བཞིན་ཆེ་བ་དང་ཆག་སླ་བའི་རྫ་ཆས་སྣོད་ཆས་དང་ལྕི་བའི་ལྕགས་རིགས་བཟོས་རྫས་ཚང་མ་འཁྱེར་བདེ་པོ་མེད་པར་བརྟེན་སྟབས་བདེ་ལ་སྤྱོད་གོ་ཆོད་པ་དང་འཁྱེར་བདེ་བའི་ཤིང་ཕོར་དེ་ཁོང་ཚོའི་འཚོ་བའི་མཁོ་ཆས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད་ཞེས་སྒམ་རྒྱུག་གྲོང་གི་གྲོང་མི་བློ་བཟང་སྒྲོལ་མས་འདི་ལྟར་མཚམས་སྦྱོར་བྱས།

        ད་ལྟ་གཞོན་ནུ་དེ་བས་མང་པོ་ཤིང་ཕོར་བཟོ་བའི་གྲལ་སྟར་ནང་ཞུགས་ནས་ཤིང་ཕོར་གྱི་ལག་རྩལ་རྒྱུན་འཛིན་བྱ་རྒྱུར་གཞོལ་བཞིན་ཡོད། ཁོང་ཚོས་སྨྱན་སྦྱོར་གསར་པ་དང་དྲ་སྦྲེལ་གྱི་ལེགས་ཆ་སྤྱད་དེ་འདར་དབྱངས་དང་མགྱོགས་མྱུར་སོགས་ཀྱི་སྟེགས་བུའི་ཐོག་ཤིང་ཕོར་གྱི་རིག་གནས་འགྲེམས་སྟོན་བྱས་པས་ཤིང་ཕོར་བཟོ་རྒྱུ་དེ་ས་གནས་དེ་གའི་མི་སེར་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོར་གྱུར་ཡོད།