ཕྱུག་འགྱུར་མེ་ཏོག་གུར་གུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2011ལོར། བདེ་ཆེན་སེམས་ཀྱི་ཉི་ཟླ་ཅིན་ཁོ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་ཡིས་གུར་གུམ་འདེབས་འཛུགས་ཚོད་ལྟ་བྱས་འགོ་ཚུགས་པ་དང་།  2013ལོར་ཐང་ཀུའེ་ཡིང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་ཚོ་ཀེ་ལི་ཀྲུའོ་ཚོ་ཆུང་གི་གུར་གུམ་འདེབས་འཛུགས་བྱེད་པའི་ཞིང་དུད་ཁག་དང་པོར་གྱུར་བ།  ཐང་ཀུའེ་ཡིང་གིས་སྐབས་དེ་དུས་ཀུང་སི་ཡིས་རིན་མེད་ངང་གུར་གུམ་མྱུག་སོན་མཁོ་འདོན་བྱས་པ་མ་ཟད་གུར་གུམ་དང་ཆུ་འབྲས་རེས་མོས་ཀྱིས་འདེབས་འཛུགས་བྱས་ཆོག་པས་ལོ་ཏོག་གཞན་དག་འདེབས་འཛུགས་བྱ་རྒྱུར་ཤུགས་རྐྱེན་མི་ཐེབས་པར་ཚོད་ལྟ་ཞིག་བྱ་རྒྱུའི་བསམ་བློ་འཁོར་བ་དང་།  བསམ་ཡུལ་ལས་འདས་པ་ཞིག་ནི་འདེབས་བཙུགས་བྱས་ནས་ལོ་10སོང་བ་མ་ཟད་དུས་རྒྱུན་ད་དུང་ཀུང་སིར་ལས་ཀ་བྱེད་པར་བསྐྱོད་པས་ལོ་ལྟར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད་ཞེས་ཟེར།

        2018ལོ་ནས་བཟུང་། མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་གི་ཏང་ཙུང་ཀྲི་ཡིས་བདེ་ཆེན་སེམས་ཀྱི་ཉི་ཟླ་ཅིན་ཁོ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་ལ་བརྟེན་ནས། འབའ་ལུང་རྫོང་གསེར་མདོག་ཞིང་སྡེའི་སྐྱེ་ཁམས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གཙོར་བྱས་ཏེ་ཀེ་ལི་ཀྲུའོ་ཚོ་ཆུང་དུ་གུར་གུམ་ཐོན་ལས་གཙོ་བོ་བྱས་པའི་གྲོང་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ།  2021ལོར།  གྲོང་པའི་ཏང་ཙུང་ཀྲི་ཡིས་ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་རྣམ་གྲངས་ཀྱི་གོ་སྐབས་དང་བསྟུན་ནས་གུར་གུམ་གྱི་ཁྱད་ལྡན་རྣམ་གྲངས་རྒྱུན་མཐུད་ངང་བཏོད་དེ། སྤུས་ལེགས་མྱུག་སོན་ནང་འདྲེན་དང་། འདེབས་འཛུགས་དྲོད་ཁང་ཆེ་མོ་དང་ཚད་ལྡན་བཟོ་ཁང་བསྐྲུན་པ་དང་དེ་བཞིན་གུར་གུམ་འདེབས་འཛུགས་འགྲེམས་སྟོན་ཉམས་ལེན་ཁུལ་བསྐྲུན་པ། མིག་སྔར།  གུར་གུམ་མུའུ་རེར་ཁེ་500ནས་ཁེ་600ཐོན་ཐུབ་པ་དང་།  མུའུ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ཟིན་ཡོད་པས་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་9ཟིན་རྒྱུར་སྐུལ་ཁྲིད་བྱས་ཡོད། ཕྱོགས་མང་པོའི་ཐད་ནས་འབད་བརྩོན་བྱས་པས་མང་ཚོགས་ཀྱི་ཡོང་འབབ་ལ་འགན་ལེན་བྱུང་བ་དང་གྲོང་གསེབ་དར་རྒྱས་ལ་རྨང་གཞི་བྱུང་ནས་ཆུ་འཛོམས་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།