ཁ་ལག་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་འདི་དག་གཏན་ནས་བྱེད་མ་ཉན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-15   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        གཅིག གན་རྐྱལ་བསློགས་ནས་ཉལ་བ།

        ཁ་ལག་བཟས་མ་ཐག་འཕྲལ་དུ་གན་རྐྱལ་བསློགས་ནས་ཉལ་ན་ཕོ་བའི་ཆུ་སྐྱུར་ལང་སླ་པོ་ཡོད།

        གྲོས་འགོ ངེས་པར་དུ་ཁ་ལག་བཟས་རྗེས་ཉུང་མཐར་ཡང་སྐར་མ་30འཇོག་དགོས།

        གཉིས། ཐ་མག་འཐེན་པ། 

        མི་མང་པོ་ཞིག་གིས་ཁ་ལག་བཟས་མ་ཐག་ཐ་མག་འཐེན་གྱི་ཡོད། འོན་ཀྱང་ཞིབ་འཇུག་ལས་མངོན་པར། ཐ་མག་ལ་དུག་ལྡན་དངོས་རྫས་སྣ་ཁ་93དང་སྐྲན་ནད་སློང་བའི་དངོས་རྫས་རིགས་78ཡོད་པ་ར་སྤྲོད་གསལ་པོ་བྱས་ཡོད།

        གྲོས་འགོ ཁ་ལག་བཟས་རྗེས་ལམ་སེང་ཐ་མག་འཐེན་མི་རུང་། དེ་བས་ཀྱང་དུས་རྒྱུན་ནས་རབ་བྱུང་ན་ཐ་མག་འཐེན་རྒྱུ་མེད།

        གསུམ། འགུལ་སྐྱོད་དྲག་པོ་བྱེད་པ།

        ཁ་ལག་བཟས་རྗེས་འགུལ་སྐྱོད་འོས་འཚམ་བྱས་ན་ཟས་འཇུ་བ་དང་ཁྲག་མངར་ཚོད་འཛིན་བྱེད་པར་ཕན་ཐོགས་ཡོད།
        འོན་ཀྱང་ཁ་ལག་བཟས་རྗེས་འགུལ་སྐྱོད་དྲག་པོ་བྱས་ན་འཇུ་སྟོབས་ཞན་པ་དང་། གྲོད་པ་ན་བ། ཐ་ན་རྒྱུ་མ་འགག་པ་སོགས་ཀྱི་གནས་ཚུལ་ཐོན་སླ་པོ་ཡོད།

        གྲོས་འགོ ཁ་ལག་བཟས་རྗེས་འཆམ་འཆམ་ཏོག་ཙམ་བྱས་ན་ཟས་འཇུ་བར་ཕན་ཐོགས་ཡོད། ཤུགས་དྲག་ཆེ་བའི་འགུལ་སྐྱོད་བྱེད་འདོད་ན། མ་མཐར་ཡང་ཁ་ལག་བཟས་ནས་ཆུ་ཚོད་གཅིག་སོང་རྗེས་བྱེད་དགོས།

        བཞི། སོ་བཀྲུ་བ།

        སོ་བཀྲུ་བ་ནི་གོམས་གཤིས་ཡག་པོ་ཞིག་རེད། ཡིན་ནའང་ཁ་ལག་བཟས་མ་ཐག་སོ་བཀྲུ་རྒྱུ་མེད། གང་ལགས་ཤེ་ན། ཁ་ལག་བཟས་མ་ཐག་སོ་བཀྲུས་ན་སོ་ལ་གནོད་པ་ཆེན་པོ་ཡོད།
        གྲོས་འགོ ཁ་ལག་བཟས་རྗེས་སྔོན་ལ་ཁ་བཤལ་བཤལ་གཏོང་བའམ། ཡང་ན་སོ་སྐུད་ཀྱིས་སོའི་བར་གླགས་ལ་གཙང་སྦྲ་བྱེད་དགོས། སྐར་མ་30སོང་རྗེས་གཞི་ནས་སོ་བཀྲུ་དགོས།