བདེ་ཆེན་ས་ཁུལ་དུ་དཔྱིད་ཀྱི་དཔལ་ཡོན་རིམ་བཞིན་རྒྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་སྔོན།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྟོད་གྲོང་དུ་ཁམ་བུ་མེ་ཏོག་དང་།  ཤིང་ཏོག་ལི་ཙིའི་མེ་ཏོག  པད་ཁའི་མེ་ཏོག་སོགས་གཅིག་རྗེས་གཉིས་མཐུད་དུ་བཞད་ཡོད་པས་དཔྱིད་ཀྱི་མཛེས་ཉམས་དལ་བཞིན་ཤར་ཡོད།

        ཟླ་བ་གསུམ་པར། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་དཔྱིད་དཔལ་ཚུགས་པ་དང་།  ཁམ་བུ་མེ་ཏོག  ལིའི་མེ་ཏོག  པད་ཁའི་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་མཛེས་སྡུག་རྣམ་པར་བཀྲ་བས་ཁང་པའི་རྒྱབ་མདུན་དང་ཞིང་ཁ་སོགས་སུ་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ།