ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཧ་པ་རི་བོའི་ཕུག་ལམ་ད་ལོའི་ཟླ་5པའི་ཟླ་མཇུག་ཏུ་ཏལ་འབིགས་ཐུབ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་ཚོགས་པས་སྐྲུན་འགན་འཁུར་བའི་ཏན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་དུམ་བུའི་ཧ་པ་རི་བོའི་ཕུག་ལམ་ཨར་ལས་བྱ་ཡུལ་ནས་གཏམ་བཟང་ཁྱབ་ཡོང་བ་དང་ཧ་པ་རི་བོའི་ཕུག་ལམ་ཨང་8པ་ནས་8-1པའི་བར་གྱི་འཕྲེད་ལམ་བར་ཁོངས(ཁྱོན་རིང་ཚད་སྨི་248ཡོད་)བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད།

        ཧ་པ་རི་བོའི་ཕུག་ལམ་ནི་ལམ་ཐིག་ཧྲིལ་པོའི་དཀའ་གནད་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་ཁྱོན་རིང་ཚད་སྨི་9523ཟིན་པ་དང་གཏིང་ཚད་མཐོ་ཤོས་སྨི་1155སྦས་ནས་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ཡིན་པ་རེད།  ཐེངས་འདིར་ཏལ་འབིགས་ཐུབ་པའི་ཨང་8པ་ནས་8-1པའི་བར་འཕྲེད་ལམ་བར་ཁོངས་ཁྱོན་རིང་ཚད་སྨི་248ཡོད་པ་དང་།  བར་ཁོངས་དེ་ཏལ་འབིགས་བྱས་རྗེས་ཧ་པ་རི་བོའི་ཕུག་ལམ་ལ་འཕྲེད་ལམ་བར་ཁོངས་2་ཀྱི་བར་མཚམས་སྨི་61.8ལས་ལྷག་མེད་པ་དང་ད་དུང་ཏལ་འབིགས་ཐུབ་མེད་པས།  སྔོན་དཔག་བྱས་ན་ད་ལོའི་ཟླ་5པའི་ཟླ་མཇུག་ཏུ་ཧ་པ་རི་བོའི་ཕུག་ལམ་ཏལ་འབིགས་ཐུབ་རྒྱུ་རེད།