བདེ་ཆེན་མཐོ་སྒང་གི་སྐྱིད་པའི་འཚོ་བར་རོལ་མྱོང་ཐེངས་གཅིག་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


མི་རེ་རེའི་སེམས་ནང་ན་སེམས་ཀྱི་ཉི་ཟླ་རེ་རེར་ཡོད་པར་གླེང་། ང་ལ་མཚོན་ན་སེམས་ཀྱི་ཉི་ཟླ་ནི་ཕུགས་བསམ་མངོན་འགྱུར་བྱུང་སའི་གནས་མཆོག་དེ་ཡིན།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གནས་མཆོག་འདི་ནི་དེང་གི་ཆར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་བོས་རེ་སྨོན་བྱ་ཡུལ་དང་འགྲོ་སྙིང་ཤིན་ཏུ་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་གྲགས་ཆེ་ས་ཞིག་ཏུ་གྱུར་ཡོད།     

འཇམ་མཉེན་གྱི་ཞོགས་པའི་ཉི་འོད་སྲིད་པའི་གངས་རྒན་ཁ་བ་དཀར་པོའི་སྟེང་ལ་འཕྲོས་པ་ན།དེ་ནི་སུ་ཞིག་གིས་བཞེངས་པའི་ངོ་མཚར་གྱི་རི་མོ་ཇི་བཞིན་མཛེས་ཤིང་ལྟ་ན་སྡུག 

    ཉིན་གོང་གི་དུས་ལ། སྐུ་ཉིད་ཀྱིས་ཡུན་ནན་སྤྲེའུ་ཁྲ་རྒྱལ་ཁབ་སྤྱི་གླིང་དུ་ཐག་ཉེ་ས་ནས་སྤྲེའུ་སྤུ་སེར་གྱི་ཁྱུ་ཚོགས་ཀྱིས་ཆུ་འཐུང་བ་དང་།   ཟན་འཚོལ་བ།    རྩེད་འཇོར་རོལ་བ།  ཉི་མར་ལྡེབ་པ་སོགས་ཉིན་གཅིག་གི་འགྲོ་འོང་དང་འཚོ་སྡོད་ཀྱི་བྱ་སྤྱོད་ལ་རྟོག་ཞིབ་ཅུང་ཟད་བྱས་ཆོག 

    གལ་ཏེ་ཁོམ་པ་ཡོད་ན་ཁྱོད་ཀྱིས་ཉི་ཤར་རྫ་ནག་གི་ལོ་རྒྱུས་ལ་ཤེས་རྟོགས་བྱས་ཆོག   ཉི་ཤར་ནི་རིག་གནས་དར་ཁྱབ་ཆེ་བའི་ཡུལ་གྲུ་ཞིག་ཡིན་ཞིང་།   སྔར་གྱི་དུས་ལ་ཇ་རྟའི་ཚོང་ལམ་གྱི་ངེས་བརྒྱུད་བགྲོད་ལམ་ཞིག་ཡིན།   2008ལོར་ཉི་ཤིར་གྱི་རྫ་ནག་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད། མིག་སྔར་སྡེ་བའི་ནང་དུ་ད་རུང་ལག་རྩལ་པ་དང་རྒྱུན་འཛིན་པ་མང་པོ་ཞིག་ཡོད།   

 ཕྱི་དྲོའི་དུས་ལ་ཁྱོད་ཀྱི་འབའ་ལྷ་དཀར་རྫོང་གི་རི་ཆུ་ནགས་གསུམ་དང་དེ་ལས་འདས་པའི་གསང་བའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ལུས་སེམས་གཉིས་ཀྱི་རོལ་མྱོང་དང་འཚོ་རྟོག་བྱས་ཆོག



    རྟ་བདུན་དབང་བོས་ཉིན་གཅིག་གི་སྩོལ་བའི་ལས་འགན་ཡོངས་སུ་འགྲུབ་ནས་ངལ་གསོའི་སྟ་གོན་ལ་ཆས་པ་ན། རྡོ་མཁར་རྫོང་གི་ཕྱོགས་བཞིའི་སྲང་ལམ་ནས་གནའ་བོའི་གླུ་སྐད་ཅིག་རྒྱང་ལ་མཆེད་པ་དང་།    ལག་ཟུང་དམ་དུ་སྦྲེལ་བའི་སྐོར་བྲོའི་སྟངས་སྟབས་ཀྱི་ཉམས་འགྱུར་ཁྲོད་ན་མི་ཚོགས་ཀྱི་དགོད་སྒྲ་ལྷིང་འཇགས་ཀྱི་མཁའ་དབྱིངས་སུ་ཁྱབ། སེམས་ཀྱི་ཉི་ཟླ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།  གནས་འདིའི་མི་རྣམས་གཤིས་རྒྱུད་དྲང་ཞིང་སྤྲོ་སེམས་ཆེ།  མེས་པོ་ཚོ་ནས་བརྒྱུད་པའི་ཤུལ་བཞག་རིག་གནས་ཀྱང་ཕུན་སུམ་ཚོགས་པ་ཡོད།  སྐུ་ཉིད་སེམས་ཀྱི་ཉི་ཟླར་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ།