རྫ་ཆུའི་ཆུ་ནུབ་གཞུང་ལམ་གྱི་བསྐྱར་འཛུགས་ལས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   རྫ་ཆུའི་ཆུ་ནུབ་གཞུང་ལམ་གྱི་ཨར་ལས་ས་གནས་སུ་ས་སློག་ནས་རླངས་འཁོར་ནང་བླུགས་པ་དང་། བསྲེས་དཀྲུག་བྱེད་པ།  ལམ་ངོས་མནོན་པ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་བཞིན་ཡོད་པ་དང་།  ཚ་ཚ་འུར་འུར་ངང་ལས་འགོ་བསྐྱར་ཚུགས་བྱེད་པའི་རྣམ་པ་ཞིག་གང་སར་མངོན་ཡོང་། 


    ཁུལ་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའི་ཡན་ལག་པུའུ་དྲུག་པའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་དུས་མཚམས་གཉིས་སུ་དབྱེ་ནས་འཛུགས་སྐྲུན་བྱ་རྩིས་ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་28.95གཏང་རྒྱུ་རེད།  མིག་སྔར་མ་དངུལ་སྒོར་དུང་ཕྱུར་7.235བཏང་ཚར་ཡོད། ད་ལྟའི་ཆར་རྣམ་གྲངས་དེ་ཤུགས་ཆེན་པོས་འཛུགས་སྐྲུན་དང་མགྱོགས་མྱུར་ངང་སྒྲུབ་བཞིན་པའི་དུས་མཚམས་སུ་སླེབས་ཡོད། དུས་ཐེངས་དང་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྩ་ལི་ཟམ་ཆེན་སྤྱིའི་གདུང་མའི་འདེགས་འཇོག་ལེགས་སྒྲུབ་ཟིན་པ་དང་། རྩ་ལི་ཕུག་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། ལམ་གཞི་ཁག་གཅིག་གི་གོ་རིམ་བསྒྱུར་ཟིན་པ་དང་། ལས་གྲྭ་ལྷག་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། དུས་ཐེངས་གཉིས་པའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་པ་ཏིང་ཕུག་ལམ་དང་ཚང་གཡན་ཕུག་ལམ་བདེ་བླག་ངང་ཕུག་བཞིན་པའི་སྒང་ཡིན།