ནགས་ཕག་མཚོ་ན་བྱ་ཁྱུའི་རྩེད་འཇོ་སྐྱིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 ཟླ་གསུམ་པའི་བདེ་ཆེན་མཐོ་སྒང་དུ་དཔྱིད་ཀྱི་རང་མདངས་རྒྱས་ཤིང་།  ནམ་ཟླ་ཇེ་དྲོར་ཕྱིན་པས་གང་སར་ཉམས་དགའ་བའི་སྣང་བ་ཞིག་གིས་འཁེངས་ཡོད།  གཡུ་ཡི་མེ་ལོང་ཞིག་རྒྱལ་ཐང་འཛིན་མའི་ཕང་བར་ལྷུང་འདྲའི་ནགས་ཕག་མཚོ་རུ་བྱ་ཁྱུ་རྣམས་རྩེད་འཇོའི་གར་ལ་རྩེན་ཞིང་།  ཡུལ་འདིའི་མཛེས་སྡུག་ལ་ཆགས་པའི་ཡུལ་སྐོར་བ་མང་པོའང་གནས་འདིར་འཛོམས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་ལྟད་མོ་ལ་ལོངས་སུ་སྤྱོད་བཞིན་མཆིས།།