བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འབྲས་བཟང་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མཐོང་ཆེན་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དེ་ཕྱར་བ་གྲུ་འདེགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཆབ་སྲིད་ཀྱི་སྣེ་ཁྲིད་དེ་བས་ནུས་ལྡན་བཏང་ཡོད། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། "་སྲོག་ཤིང་ལ་གོང་བཀུར་ཞུས་པ་དང་སེམས་པ་པེ་ཅིང་ལ་ཁ་ཕྱོགས་"ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    དངོས་པོའི་རྨང་གཞི་དེ་བས་སྲ་བརྟན་དུ་བཏང་ཡོད། "་སྤྲད་པ་གསུམ་དང་ཕན་པ་གཅིག་"མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་དམིགས་ཚད་དུ་བརྩིས་པ་དང་། བདེ་ཆེན་གྱིས་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད་སྒུལ་འཁོར་གྱི་དུས་རབས་སུ་སླེབས་ཉེར་ཡོད་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

    བསམ་པའི་གཞི་རྩ་དེ་བས་བརྟན་པོར་བཏང་ཡོད། ཉིན་རེར་ཁྲིམས་རེ་བཤད་པ།  ཉིན་རེར་ཁྱབ་བསྒྲགས་རེ་བྱེད་པ། གཟའ་འཁོར་རེར་བཅར་འདྲི་རེ་བྱེད་པ་"་སོགས་རྒྱུན་རྣམ་ཅན་གྱི་བསམ་བློའི་སློབ་གསོའི་སྣེ་ཁྲིད་ལ་བརྟེན་ནས་རེས་སྐོར་མང་བའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ་སྤེལ་བ་དང་། ཁུལ་ཡོངས་སུ་མི་རིགས་ཀྱི་གནད་དོན་ལས་བྱུང་བའི་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་གཅིག་ཀྱང་ཐོན་མེད་པ་དང་མི་རིགས་ཁག་གི་བུ་ཕྲུག་རྣམས་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འཁྱུད་ནས་"མོས་སེམས་ལྔ་"སྔར་བས་ཆེ་རུ་ཕྱིན་ཡོད།

    སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད།ཞིང་ཆེན་ཡོངས་སུ་ཐོག་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན་ལྟེ་གནས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས་བཙུགས་པ་དང་། དཔེ་སྟོན་གཏོད་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་རིམ་སྤོར་པར་གཞི་ནུས་ཤུགས་ཡོད་རྒུས་བཏོད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་།  2021ལོའི་ཟླ་4པ་ནས་བཟུང་།  རིམ་རྩིས་བྱས་ན་རྒྱལ་ཡོངས་དང་། ཞིང་ཆེན་ཡོངས། ཁུལ་ཡོངས་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་དཔེ་སྟོན་ལས་ཁུངས་དང་དེ་བཞིན་སློབ་གསོའི་རྟེན་གཞི་སོགས་134གསར་འཛུགས་བྱས་ཤིང་། ཁུལ་ཡོངས་ཀྱི་"མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་"100ཞེས་མིང་བཏགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད།

    ལམ་ལུགས་ཀྱི་འགན་ལེན་དེ་བས་འཐུས་ཚང་དུ་བཏང་ཡོད། བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྱོང་བྱེད་པའི་"བསམ་འཆར་གཅིག་"དང་"འཆར་འགོད་གཅིག་"ཞིབ་འཇུག་བྱས་ནས་བཟོས་ཏེ་བཏོན་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་ཚད་ཤིང་འཛུགས་སྐྱོང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་བཟོ་བཅོས་བརྒྱབ་པས་ཚད་ཤིང་འཛུགས་སྐྱོང་གི་འགན་ལེན་རང་བཞིན་གྱི་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    ལོ་མང་རིང་། ཁུལ་ཡོངས་གོང་འོག་ཚང་མའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་མི་སེམས་སུ་ཟུག་པ་དང་། མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་དེ་བས་རྒྱ་ཁྱབ་གཏིང་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་ཡོངས་ཚད་ཤིང་འཛུགས་སྐྱོང་ནང་ཞུགས་པའི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་པ་དང་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་དེ་བས་བརྟན་དུ་ཕྱིན་ཡོད།