སེམས་ཀྱི་ཉི་ཟླའི་ཚོང་རར་ཀུ་ཀུ་ཤ་མོ་སོས་པོ་བཏོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  དཔྱིད་ཟླ་3པར་སླེབས་པར་གནམ་གཤིས་རིམ་བཞིན་དྲོ་པོར་གྱུར་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སན་པཱ་ཤང་དང་གཏེར་མ་རོང་ཤང་སོགས་ས་ཆར་ཀུ་ཀུ་ཤ་མོ་བསྡུ་བའི་དུས་ཚིགས་སུ་སླེབས་ཡོད་ལ།སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་ཚོང་རར་བཏོན་པའི་ཀུ་ཀུ་ཤ་མོ་དེ་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    སན་པཱ་ཤང་གི་ཀུ་ཀུ་ཤ་མོ་ཕྱིར་འཚོང་བྱེད་མཁན་ཀྲང་ལགས་ཀྱིས་བཤད་ན། ཉིན་གཉིས་རིང་ས་གནས་ཁག་གི་ཀུ་ཀུ་ཤ་མོ་བསྡུ་ལེན་བྱེད་ཆོག་པས། འབོར་ཐེངས་དང་པོར་ཚོང་རར་ཐོན་པ་ལས་རིན་གོང་ཅུང་ཆག་ཡོད། མིག་སྔར་རྒྱ་མ་རེར་སྒོར་50ཡིན་ཟེར།


    ཤེས་གསལ་བྱུང་དོན། མིའི་ཐབས་ཀྱིས་འདེབས་འཛུགས་བྱེད་པའི་ཀུ་ཀུ་ཤ་མོ་ནི་དུས་ཡུན་ཐུང་བ་དང་ཕན་འབྲས་ཐོན་མགྱོགས་ཆེ་བ།   ཕན་ནུས་མཐོ་བའི་ཁྱད་ཆོས་ལྡན། ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀུ་ཀུ་ཤ་མོའི་ཐོན་ལས་ཤུགས་ཆེན་གྱིས་འཕེལ་རྒྱས་བཏང་ཡོད་པ་དང་། ཀུ་ཀུ་ཤ་མོ་ནི་དམངས་ཕྱུག་ཡོང་འཕར་གྱི་ཐོན་ལས་ཞིག་ཏུ་གྱུར་ཡོད་པ་རེད།