རྡོ་མཁར་རྫོང་གནའ་གྲོང་ནང་ལ་དགའ་སྤྲོའི་ཡོ་ལང་རྒྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


དཔྱིད་ཟླ་གསུམ་པ་ཚེས་ན་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས་པའི་མགོ་བརྩམས་ཡོད།  རེ་ལྟོས་དང་ཡིད་ཆེས་ཀྱིས་ཁེངས་པའི་དུས་ཚིགས་འདི་ལ་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་དུའང་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཤིང་། ཕྱོགས་བཞིའི་སྐུ་མགྲོན་རྣམས་མ་བོས་གཅིག་ཏུ་འདུས་ནས་སོས་དལ་བག་ཕེབས་ཀྱི་ཡུལ་སྐོར་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།