སྲིན་འབུ་འགུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    "དཔྱིད་ཀྱི་འབྲུག་སྒྲ་གྲགས་ན་སྐྱེ་དགུ་ཐམས་ཅད་སྐྱེ"ཞེས་པ་ལྟར།  ཟླ་3པའི་ཚེས་6ཉིན་ནི་དུས་ཚིགས་ཉེར་བཞིའི་ནང་གི་དུས་ཚིགས་གསུམ་པ་སྟེ་སྲིན་འབུ་འགུལ་བའི་དུས་ཚིགས་རེད།

    "སྲིན་འབུ་འགུལ"ཞེས་པའི་མིང་དེའི་མཚོན་དོན་ནི་སྐྱེ་དངོས་ཀྱིས་དུས་ཚིགས་ཀྱི་འགྱུར་ལྡོག་ལ་འགྱུར་འབྱུང་བྱུང་བའི་སྐྱེ་དངོས་ཀྱི་དུས་རྟགས་ཞིག་ཡིན་པ་རེད། སྲིན་འབུ་འགུལ་ཞེས་པའི་དུས་ཚིགས་ཤར་དུས་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་དཔྱིད་ཀྱི་འབྲུག་སྒྲ་གྲགས་འགོ་ཚུགས་ནས་ས་འོག་གམ་བྲག་ཕུག་ནང་དགུན་ཉལ་བྱེད་པའི་སྲོག་ཆགས་ཆུང་ཆུང་གཉིད་ལས་སད་པ་རེད། རང་རྒྱལ་གྱི་ཞིང་པ་ཡིས་གནའ་སྔ་མོ་ནས་བཟུང་སྲིན་འབུ་འགུལ་ཞེས་པའི་དུས་ཚིགས་ལ་མཐོང་ཆེན་བྱས་ནས་དེ་དཔྱིད་རྨོད་ཀྱི་མགོ་བརྩམས་པར་བརྩི་བཞིན་ཡོད། ངག་རྒྱུན་དུ་“སྲིན་འབུ་འགུལ་དུས་ཚིགས་ཤར་དུས་འཇོར་གྱིས་ངལ་གསོ་རྒྱག་མཚམས་མི་འཇོག་"ཅེས་པའི་བཤད་སྲོལ་ཡོད་པ་རེད།