བདེ་ཆེན་གྱི་ཆེས་མཛེས་པའི་སྤྱི་ཚོགས་ལས་དོན་པ་བསོད་ནམས་མཚོ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྤྱི་ཚོགས་ལས་དོན་པའི་ལས་དོན་ནི་ཐང་ཆད་ལ་རྙོག་འཛིང་ཡང་ཆེ།  བུ་མོ་ཞིག་ལ་མཚོན་ནས་བཤད་ན་དངོས་གནས་དཀའ་ཁག་ཅུང་ཙང་འདུག  ཡིན་ནའང་ང་ལས་རིགས་འདི་ལ་དགའ་པོ་ཡོད།  ང་རང་དཀའ་སྡུག་ལ་མི་སྐྲག་ལ་ཐང་ཆད་པར་ཡང་མི་སྐྲག  ངེས་པར་དུ་ཁྱོད་ཚོས་རེ་བ་བཏོན་པའི་བྱ་བའི་ནང་དོན་འགྲུབ་ཁོ་ཐག་ཡིན་ཞེས་བསོད་ནམས་མཚོ་མོ་ཡིས་གདན་ཞུས་དང་ལེན་བྱེད་པའི་སྐབས་སུ་འདི་ལྟར་ངོ་རྒྱུགས་ལེན་མཁན་ལ་བཤད་པ།  ལོ་འགའ་འདས་སོང་། བསོད་ནམས་མཚོ་མོས་དང་ཐོག་བཤད་པ་ནང་བཞིན་མོས་ཧུར་ཐག་འབད་བརྩོན་དང་སྒེར་སེམས་མེད་པའི་ངང་སྤྱི་ཚོགས་ལས་དོན་པའི་ལས་གནས་ཐོག་ལེགས་སྐྱེས་འབུལ་བཞིན་ཡོད་ལ།  2022ལོར་བདེ་ཆེན་ཁུལ་གྱི་ཆེས་མཛེས་པའི་སྤྱི་ཚོགས་ལས་དོན་ཞབས་ཞུ་བ་ཞེས་པའི་མཚན་སྙན་ཐོབ་པ།

    2021ལོར།  འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་གྱིས་བསམ་པའི་འགལ་རྐྱེན་གྱི་ནད་ཕོག་མཁན་གྱི་ཁྱིམ་མིར་ཞབས་ཞུའི་ནུས་རྩལ་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་།  རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སེམས་ཁམས་བློ་འདྲི་དགེ་རྒན་ཙེང་ཞའོ་ཡན་ཆེད་མངགས་གདན་དྲངས་ནས་སློབ་ཁྲིད་བྱས་པ།   ཙེང་ཞའོ་ཡན་དང་བཅས་པས་སྡེ་ཁུལ་དུ་ཟབ་འཇུག་བྱས་ནས་མང་ཚོགས་ལ་སྒོ་རྩར་ཞབས་འདེགས་ཞུས་བ། ཉིན་གང་བོར་ཡར་རྒྱུག་མར་རྒྱུག་བྱས་རྗེས།  ཙེང་ཞའོ་ཡན་གྱིས་གྲོགས་ཚོམས་འདི་འདྲ་ཞིག་སྤེལ་བ་སྟེ། འཇོལ་རྫོང་གྲོང་དང་བར་ཐག་སྤྱི་ལེ་23ཡོད་པའི་མིང་ལ་ཨ་གདོང་གྲོང་ཚོ་ཟེར་བའི་བོད་རིགས་འདུས་སྡོད་གྲོང་ཚོ་ཞིག་ཡོད་པ་དང་རི་མཐོ་ལ་ལམ་ཐག་རིང་བའི་དབང་གིས་སྤྱི་ལེ་23གྱི་རི་ལམ་དུ་རླངས་འཁོར་བཏང་ནས་སྐར་མ་50ལྷག་ཙམ་བསྐྱོད་པ། གསོ་སྦྱོང་ནང་ཞུགས་མཁན་ནང་མི་ལ་ལས་རྒྱ་སྐད་མི་ཤེས་པ་དང་མཉམ་དུ་འགྲོ་བའི་སྤྱི་ཚོགས་ལས་དོན་པ་བསོད་ནམས་མཚོ་མོ་ཡིས་ངའི་བོད་སྐད་ཡིག་སྒྱུར་བྱེད་ཀྱི་ཡོད་པས་ངས་རྒྱ་སྐད་ཀྱི་ཐོག་ནས་དུམ་བུ་ཞིག་ཤོད་པ་དང་ཁོ་མོས་བོད་སྐད་ཀྱི་ཐོག་ནས་དུམ་བུ་ཞིག་སྒྱུར་གྱི་ཡོད། ལས་ཀ་མཇུག་འགྲིལ་རྗེས་ང་ངལ་དུབ་ཀྱིས་མནར་ཡང་མི་ཡིས་ད་དུང་ཁྱིམ་དུ་བསམ་པའི་འགལ་རྐྱེན་གྱི་ནད་ཕོག་པའི་གྲོང་མི་དེ་དག་ལ་ངང་རྒྱུད་རིང་པོས་ལམ་སྟོན་སློབ་ཁྲིད་བྱེད་བཞིན་ཡོད།  མོའི་ལས་ཀའི་རྣམ་འགྱུར་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད། ས་མཐོའི་ཐོག་བྲེལ་བརྩོན་ཆེན་པོས་ཡར་རྒྱུག་མར་རྒྱུག་བྱེད་མཁན་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལས་དོན་པར་བསྔགས་བརྗོད་བྱེད།

    བསོད་ནམས་མཚོ་མོས་ཉེ་འགྲམ་གྱི་ཐོན་ཁུངས་གང་ཡང་ཐར་པར་གཏན་ནས་མི་གཏོང་། མོས་ཡུན་ནན་ཞིང་ཆེན་རུས་ནད་ཚན་ཁག་སྨན་ཁང་གི་སྨན་པ་ཞིག་ངོ་ཤེས་པ་དང་སྤེལ་རེས་བྱེད་རིང་ཡུན་ནན་ཞིང་ཆེན་རུས་ནད་ཚན་ཁག་སྨན་ཁང་གིས་ས་ཁུལ་དབུལ་པོར་རུས་ནད་རོགས་སྐྱོབ་ཀྱི་བྱེད་སྒོ་སྤེལ་རྒྱུ་ཤེས་རྟོགས་བྱུང་བས་མོས་འཕྲལ་དུ་སྤྱི་ཚོགས་བཟོ་ལས་ཞབས་ཞུའི་བརྒྱུད་རིམ་ནང་རུས་ཚིགས་ན་བའི་ནད་པ་དབུལ་པོ་ཁ་ཤས་ཤེས་རྟོགས་བྱུང་བ་དང་། དེས་ན་དུས་ཐོག་ཏུ་སྨན་པ་དང་འབྲེལ་མཐུད་བྱས་ཏེ་ནད་པའི་གནས་ཚུལ་ཞིབ་ཕྲ་ལེགས་སྒྲིག་བྱས་ནས་སྨན་པར་བཤད་པ་དང་སྨན་པས་ནད་པའི་ནད་གཞིའི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། མི་ཡི་རོགས་རམ་འོག་མིག་སྔའི་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ནད་པ་5ཡུན་ནན་ཞིང་ཆེན་རུས་ནད་ཚན་ཁག་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་རེད།

    བསོད་ནམས་མཚོ་མོ་ཡིས་འཇོལ་རྫོང་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་མི་སྣ་བྱས་ནས་སྒྲིག་གཞི་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་སྤྱི་ཚོགས་ལས་དོན་སྒྲིག་གཞིའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་མ་ཟད་སྤྱི་ཚོགས་ལས་དོན་གྱིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་ནུས་ལྡན་དགོས་མཁོ་ཐག་གཅོད་ཏན་ཏིག་བྱེད་རོགས་བྱས་པ་རེད།