ཞང་ཝེ་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་7.2བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片


图片

    ཉེ་སྔོན།བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབའ་ལུང་རྫོང་བར་གཞུང་ལམ་རིམ་གཉིས་པའི་(སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབའ་ལུང་རྫོང་བར་གྱི་གཞུང་ལམ་གསར་པ)ལས་ཡུལ་དངོས་སུ་བཟོ་པ་རྣམ་གྱིས་རྡོ་རྐོ།ས་འདྲེན་སོགས་ཀྱི་ལས་ལ་བྲེལ་ཞིང་།ཚ་ཚ་འུང་འུང་གི་རྣམ་པས་ཁེབས་པ།  མིག་སྔའི་བར། རྒན་རྒྱ་དུམ་བུ་འདི་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་7.2བཏང་ཡོད།ལས་གྲྭ་གཙོ་བོ་ནི་ལམ་གཞི་དང་ལམ་ངོས། ཟམ་པ། ཕུག་ལམ།འགྲིམ་འགྲུལ་བདེ་འཇགས་སྒྲིགབཀོད། སྔོ་འགྱུར། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད།ཁང་སྐྲུན་ལས་གྲྭ  འཕྲུལ་གློག་ལས་གྲྭ་བཅས་གཏོགས་པ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབའ་ལུང་རྫོང་བར་གཞུང་ལམ་ནི་2019ལོའི་ཟླ་9པའི་ཚེས་25ཉིན་དུ་ལས་འགོ་ཚུགས་པ།སྤྱིའི་རིང་ཚད་58.9ཟིན་པ།ཁྱོན་གྱི་ཟམ་པ་39ཡོད་པ། ཕུག་ལམ་5ཡོད།དེའི་ནང་གི་མདོ་ལམ་སྐས་རྩའི་ཕུག་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལི་6.9ཟིན་པས།ཡུན་ནན་ཞིང་ཆེན་ནང་གི་ས་བབ་མཐོ་ཤོས་ཀྱི་ཆེས་རིང་བའི་རིམ་གཉིས་ལྡན་པའི་གཞུང་ལམ་ཕུག་ལམ་ཞིག་ཡིན་པ་རེད།

图片


图片