སེམས་ཀྱི་ཉི་ཟླའི་(འབའ་ལུང་)སྣ་མའི་མེ་ཏོག་གི་དུས་ཆེན་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3པའི་ཚེས་1ཉིན།2023ལོའི་སྐབས་བཅུ་བརྒྱད་པའི་སེམས་ཀྱི་ཉི་ཟླའི་(འབའ་ལུང་)སྣ་མའི་མེ་ཏོག་གི་དུས་ཆེན་བདེ་ཆེན་ཁུལ་འབའ་ལུང་རྫོང་དུ་འགོ་ཚུགས་ཤིང་།འགྲེམ་ཚོགས་ཐོག་ཞིང་ཆེན་ཕྱི་ནང་གི་སྣ་མའི་མེ་ཏོག་ལ་དགའ་བོ་ཡོད་མཁན་མང་པོ་ཡོང་ཡོད།    图片

图片


图片


    འབའ་ལུང་རྫོང་གི་མངའ་ཁོངས་ནང་རི་མཐོ་ཞིང་གྲོག་རུང་ཟབ་པ་དང་གནམ་གཤིས་འཚམ་པ།ས་རྒྱུ་གཤིན་པོ་ཡིན་པས་སྣ་མའི་མེ་ཏོག་གི་སྐྱེ་འཚར་རང་བྱུང་སྐྱེ་ཁམས་ཆ་རྐྱེན་ལེགས་པ་ལ།ཀྲུང་གོའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་མཐུན་ཚོགས་དང་ཀྲུང་གོ་ཁྱད་ལྡན་ཐོན་རྫས་ཨུ་ལྷན་སོགས་རྩ་འཛུགས་ཀྱིས་ཀྲུང་གོའི་སྣ་མའི་མེ་ཏོག་གི་ཕ་ས་ཞེས་པའི་མཚན་སྙན་གནང་བ་རེད། ད་ལྟར་གདོད་མའི་རིགས་150 ཁྱད་ལྡན་སྣ་མའི་མེ་ཏོག80ལྷག  རིགས་བརྒྱུད་གསར་པ་200ལྷག་ཡོད་པ། དུས་རབས་སྔོན་གྱི་ལོ་རབས་90ནས་བཟུང་།འབང་ལུང་རྫོང་གི་སྣ་མའི་མེ་ཏོག་སྔ་རྗེས་སུ་རྒྱལ་ནང་གི་སྣ་མའི་མེ་ཏོག་གི་འགྲིམ་སྟོན་དུ་ཐེངས་14ཞུགས་ཡོད་ལ་བྱ་དགའ་46ཐོབ་ཡོད།

    ཉེ་བའི་ལོ་འགའི་རིང་།འབའ་ལུང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་གནང་ཞིང་།འབའ་ལུང་རྫོང་གི་སྐྱེ་དངོས་ཕུན་སུམ་ཚོགས་པོའི་ཐོན་ཁུངས་ལ་བརྟེན་ནས། སྣ་མའི་མེ་ཏོག་གི་ཚོང་ར་བརྟན་པོའི་ངང་འཕེལ་རྒྱས་གཏོང་བར་རྒྱུན་འཁྱོངས་བྱས་ཡོད་པས།སྣ་མའི་མེ་ཏོག་གི་ཐོན་ལས་འབའ་ལུང་རྫོང་གི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།

图片


图片


图片


图片


    སྐབས་འདིའི་སྣ་མའི་མེ་ཏོག་གི་དུས་ཆེན་ལ་སྣ་མའི་མེ་ཏོག་གི་གསེར་གྱི་བྱ་དགའ་10དང་དངུལ་གྱི་བྱ་དགའ་20 ཟངས་ཀྱི་བྱ་དགའ་25   བདམས་གསོ་བྱ་དགའ་5འདེམས་ཐོན་བྱུང་བ་རེད།