བདེ་ཆེན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་སྔོན་འཚོགས་པའི་ཞིང་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གྲོས་ཚོགས་ཐོག་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་2022ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་16ལ་སྒོ་བྱང་སྤྲད་པ།

    ཐེངས་འདིར་སྒོ་བྱང་སྤྲོད་པའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ལ་ཁུལ་(གྲོང་ཁྱེར)5དང་(གྲོང་ཁྱེར།ཆུས།)11གཏོགས་པ། ཁུལ་(གྲོང་ཁྱེར)5ནི་ཁྲུའུ་ཞུང་ཁུལ་དང་ཏེ་ཧུང་ཁུལ།ས་དམ་གྲོང་ཁྱེར།བདེ་ཆེན་ཁུལ།ལིན་ཚང་གྲོང་ཁྱེར་བཅས་རེད།(གྲོང་ཁྱེར།ཆུས།)11་ནི་དབྱི་ལིའང་རྫོང་དང་སུའེ་ཅང་རྫོང་།མ་ལུང་ཆུས།ཧྲི་ཙུང་རྫོང་།ཁྲིན་ཅང་རྫོང་།ཧྲོང་པའེ་རྫོང་།ཏ་ཡའོ་རྫོང་།ཧུང་ཧོ་རྫོང་།ཡན་ཧྲན་རྫོང་།མ་ཀོན་རྫོང་།ཉིང་ཨེ་རྫོང་བཅས་རེད། 2022ལོར།ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པར་བརྒྱུད།ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཡུན་ནན་ཞིང་ཆེན་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ཡུན་ནན་ཞིང་ཆེན་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཆུས་ཀྱི་འཛུགས་སྐྲུན་དམིགས་ཚད་ཞེས་པར་འགྲེམས་དང་ལག་བསྟར་བྱས་པ། ཁུལ་(གྲོང་ཁྱེར་)སོ་སོ་སྒྲིག་འཛུགས་བྱས་པ་དང་2022ལོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གདམ་གསེས་འོས་སྦྱོར་ལས་ཀ་བྱས་ནས།ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་གཏོད་ལས་ཀ་བསྐྱར་དུ་བྱེད་པ།ཁུལ་(གྲོང་ཁྱེར་)གྱིས་འོས་སྦྱོར་བྱེད་པ་དང་། དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་བྱེད་པ། ཡུལ་དངོས་སུ་བསྐྱར་ཞིབ་བྱེད་པ།གཅིག་བསྡུས་ཀྱི་ཞིབ་འཇུག་བྱེད་པ།སྤྱི་ཚོགས་སྤྱི་བསྒྲགས་བྱེད་པ།ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་ནས་གསར་གཏོད་སྙན་ཞུ་བཏོན་པའི་ས་ཁུལ་20ནས་16གདམ་གསེས་བྱས་པ་དང་།ས་ཁོངས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་འཚོལ་ཞིབ་བྱེད་པ། རྩ་ཆེའི་ལག་ལེན་གྱི་ཉམས་མྱོང་བསགས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དཔེ་སྟོན་སྣེ་ཁྲིད་བྱས་ཡོད།