བདེ་ཆེན་ཁུལ་གྱིས་བརྟན་པོའི་ངང་རྒན་གསོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་རིག་ལྡན་རྒན་གསོ་གཞི་གྲངས་མཛོད་ཆེན་བཙུགས་པ་དང་།སྡེ་ཁུལ་གྱི་རྒན་གསོ་གནས་གཞི་བཙུགས་པ།ཁྱིམ་ཚང་སྨན་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་བྱ་ཐབས་སྤྱད་དེ།རྒན་གསོའི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་བས། རྒན་རྒོན་དེ་བས་མང་བ་ཚེ་མཇུག་བདེ་ལ་རོལ་ཐུབ་པ་བྱུང་ཡོད།

    བདེ་ཆེན་ཁུལ་གྱིས་ཕྱོགས་བསྡུས་རྒན་གསོ་ཞབས་ཞུའི་ལྟེ་གནས་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོ་ལ་བརྟེན་ནས་རྒྱུན་མཐུད་ཀྱིས་རྒན་རྒོན་གྱི་ཞབས་ཞུའི་ནུས་ཁུངས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་།བདེ་ཆེན་ཁུལ་གྱིས་ཁྱིམ་སྡོད་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་དང་ཁམས་གསོ་ཟུང་དུ་སྦྲེལ་བའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཟམ་མི་ཆད་པར་བཏང་བ། ཁྱིམ་སྡོད་ཞབས་ཞུ་དང་། རྒན་རྒོན་ཅན་དུ་སྒྱུར་བཀོད། ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་བཅས་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཆ་རྐྱེན་ལེགས་བཅོས་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་བརྒྱབ་པ། མིག་སྔར་བདེ་ཆེན་ཁུལ་གྱིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལྟེ་གནས་81དང་རྒན་རྒོན་བདེ་སྐྱིད་ཟ་ཁང་7བསྐྲུན་ནས་རྒན་གསོའི་སྒྲིག་གཞི་6གཉེར་སྐྱོང་བྱས་ཡོད།

    དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་84གཅིག་སྡུད་ཐོག་བསྙེན་བཀུར་བྱས་ཡོད་དེ།གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་100%སྒྲིག་གཞིར་བསྙེན་བཀུར་བྱ་རྒྱུ་ཡིན་པ་རེད། 2022ལོའི་ཟླ་1པོ་ནས་བཟུང་།དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་མི་རེར་ཟླ་རེར་སྒོར་948ཟིན་པ་དེ་དུས་མཚུངས་ལས་577%འཕར་ཡོད། གཞི་རྩའི་ཞབས་ཞུ་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་2016ལོ་ནས་བཟུང་ལོ་ན་མཐོ་བའི་ཕོགས་སྣོན་ལམ་ལུགས་བཙུགས་པ་དང་2022ལོར་བདེ་ཆེན་ཁུལ་གྱིས་ལོ་ན་མཐོ་བའི་ཕོགས་སྣོན་ཁྱོན་སྒོར་ཁྲི་244སྤྲད་པ་དེས་རྒན་རྒོན་6827ལ་ཕན་པ་ཐོབ་ཡོད་པ་རེད།