རང་ཡུལ་གླུ་བའི་གླུ་གཞས་དགོང་ཚོགས་མཇུག་སྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་22ཉིན་གྱི་དགོང་མོར།འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་ཞེས་པའི་རང་ཡུལ་གྱི་གླུ་བས་གླུ་དབྱངས་ནས་ཕ་ཡུལ་ལ་བསྟོད་པའི་གླུ་གཞས་དགོང་ཚོགས་ཀྱི་མཇུག་མཐའི་དགོང་ཚོགས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ་རེད།

         རིག་རྩལ་ལས་བྱེད་པ་དང་ཡུལ་མི།ཡུལ་སྐོར་བ་རྣམ་གྱིས་གྲང་ངར་ཆེ་བའི་ཡུལ་དངོས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྡོ་མཁར་རྫོང་དུ་མཉམ་འཛོམས་བྱེད་ནས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད།    གླུ་གཞས་དགོང་ཚོགས་ཐོག་《སྨན་རིའི་ལམ།》《སེམས་ཀྱི་ཉི་ཟླར་བསྐྱོད་པ།》《ཚོགས་ཆེན་ཉི་ཤུ་པ་ཨ་ཁོ་ཅི།》སོགས་སྙན་ཞིང་འཇེབས་པའི་གླུ་དབྱངས་ཀྱིས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ལ་བསྟོད་ཡོད་པ་དང་། ཡུལ་སྐོར་རྣམ་ལ་སེམས་ཀྱི་ཉི་ཟླའི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་དང་སྤྲོ་སེམས་ཚོར་ཐུབ་པ་བྱུང་ཡོད། མཉམ་འགུལ་ལྷུ་ཚིགས་སུ་ཡུལ་སྐོར་བ་ལི་དབྱི་ཡིས་ཚང་མར་གླུ་གཞས་ཤིག་འཕུལ་སྟེ་གླུ་གཞས་དགོང་ཚོགས་ཀྱི་རྣམ་པ་སླར་ཡང་འཁྲུག་ཆ་དོད་དུ་བཏང་བ། གླུ་གཞས་དགོང་ཚོགས་གྲོལ་རྗེས། ཐང་ཆེན་གྱི་དཀྱིལ་དུ་མེ་ཕུང་བཏང་ནས། ཚང་མས་མེ་ཕུང་ལ་བསྐོར་ནས་གླུ་ལེན་གར་འཁྲབ་བྱས།