འབའ་ལུང་དུ་དམངས་ཁྲོད་གླུ་གར་རྒྱུད་འཛིན་མཐུན་ཚོགས་ཀྱི་སྒོ་བྱང་བཀལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། འབའ་ལུང་རྫོང་འབའ་སྡེ་ཤང་དམངས་ཁྲོད་གླུ་གར་རྒྱུད་འཛིན་མཐུན་ཚོགས་ཀྱི་སྒོ་བྱང་བཀལ་བའི་མཛད་སྒོ་ལུའོ་དབྱི་གྲོང་གི་ལུའོ་ཐུང་གྲོང་མི་ཚོ་ཆུང་དུ་སྤེལ་བ་དང་།  མཛད་སྒོའི་ཐོག་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

        ལུའོ་དབྱི་གྲོང་གི་ལུའོ་ཐུང་གྲོང་མི་ཚོ་ཆུང་ནི་སྲོལ་རྒྱུན་གྱི་བོད་རིགས་གྲོང་པ་ཞིག་ཡིན་ལ། ས་གནས་དེ་གའི་གྲོང་མི་རྣམས་གླུ་ལེན་གར་འཁྲབ་ལ་མཁས་བ་དང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ནང་དོན་དང་སྲོལ་རྒྱུན་གྱི་དམངས་སྲོལ་བཟང་པོ་ཡོད།  ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་གྱི་སྐོར་བྲོ་དང་གཞས་ཀྱི་རྒྱུད་འཛིན་སྲུང་སྐྱོང་ཐད་ཧ་ཅང་མཐོང་ཆེན་བྱས་ཡོད།  ལོ་མང་པོའི་འབད་བརྩོན་བྱས་པ་བརྒྱུད་གཞི་ནས་འབའ་ལུང་རྫོང་འབའ་སྡེ་ཤང་བོད་རིགས་དམངས་ཁྲོད་གླུ་གར་རྒྱུད་འཛིན་མཐུན་ཚོགས་བཙུགས་པ་རེད།     

        མཐུན་ཚོགས་དེ་བཙུགས་ནས་འབའ་ལུང་གི་མི་རིགས་རིག་གནས་ཀྱི་རྒྱུད་འཛིན་དང་སྲུང་སྐྱོང་ལས་ཀ་ལ་སྟོབས་ཤུགས་གསར་པ་ཞིག་བསྣན་ཡོད་པ་དང་འབའ་སྡེ་ཤང་མི་རིགས་ཁག་གི་རིག་གནས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པ་རེད།