འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་ཞེས་པའི་རང་ཡུལ་གླུ་བས་ཕ་ཡུལ་གླུ་དབྱངས་ལེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་20ཉིན། བདེ་ཆེན་ཁུལ་གྱི་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་ཞེས་པའི་རང་ཡུལ་གླུ་བས་ཕ་ཡུལ་ལ་གླུ་དབྱངས་ལེན་པའི་གླུ་གཞས་དགོང་ཚོགས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ། ཝང་ཙི་ཞུན། ལི་སུའུ་ཞོན། མོ་ཧྲན་ཆི། བློ་བཟང་ཤེས་རབ་སོགས་བདེ་ཆེན་གྱི་གླུ་བ་9ཡིས་བོད་རིགས་དང་འཇང་རིགས། དབྱི་རིགས། ལི་སུའུ་རིགས་སོགས་མི་རིགས་མི་འདྲ་བའི་གླུ་དབྱངས་15ལེན་ཞིང་། སེམས་ཀྱི་ཉི་ཟླར་ཡོང་བའི་ཡུལ་སྐོར་བ་དང་ས་གནས་དེ་གའི་ཡུལ་མི་ལ་སྙན་ཞིང་འཇེབས་པའི་མི་རིགས་ཀྱི་རོལ་དབྱངས་འབུལ་ཡོད། ཁོ་ཚོས་ལེན་པའི་གླུ་དབྱངས་ནང་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། ལས་ལ་བརྩོན་ཞིང་མགྲོན་པོ་ལ་དགའ་བའི་ཡུལ་སྲོལ་གོམས་གཤིས་བཅས་མཚོན་ཡོད་པ་རེད།
图片
图片
图片
图片
图片
        གླུ་གཞས་དགོང་ཚོགས་སྤེལ་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཡུལ་སྐོར་བ་མང་པོས་ལྟད་མོ་བལྟ་བ་དང་པར་ལེན་བྱེད་པའི་ཡིད་དབང་བཀུག་ཡོད།ད་དགོང་གི་གླུ་གཞས་དགོང་ཚོགས་ནས་སེམས་ཀྱི་ཉི་ཟླའི་མང་ཚོགས་ཀྱི་སྤྲོ་སེམས་དང་སེམས་ཀྱི་ཉི་ཟླའི་རིག་གནས་མྱོང་ཚོར་ཐུབ་བྱུང་ཞེས་ཤིན་ཅང་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ལགས་ཀྱིས་བཤད་པ།
图片
图片
图片
图片