དགའ་དགའ་སྤྲོ་སྤྲོའི་ངང་བོད་ཆུ་མོ་ཡོས་ལོའི་ལོ་གསར་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2འི་ཚེས་20ཉིན་གྱི་ཞོགས་པའི་སྔ་མོ་ནས་བོད་ཆུ་མོ་ཡོས་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ཚུལ་ཁྲིམས་ཁྱིམ་གང་གིས་ལས་ལ་བྲེལ་འགོ་ཚུགས་པ བློ་བཟང་གིས་སྒོའི་ཐོག་ལ་ཆ་ཡིག་སྦྱར་་དང་། བཀྲ་ཤིས་པའི་ལྒང་བཞུ་བཀལ་ཡོད ཚུལ་ཁྲིམས་ཀྱིས་གཙང་སྦྲ་བྱེད་པ། ལྷ་མོས་ཟས་སྣ་བཟོ་ཞིང་། ཁྱིམ་ནང་གི་སྒྲོག་རྩེའི་སྟེང་ལ་ཤིང་འབྲས་དང་བྱེ་རིལ།འཐུང་ཆུ་སྣ་ཚོགས་བསྒྲིགས་ཡོད་པ། བྱིས་པ་དག་གིས་བྲེལ་འཚུབ་པའི་ཁྲོད་དུ་རྩེད་མོ་རྩེ་བཞིན།
图片
        ས་སྲིབ་མཚམས་སུ་ཚུལ་ཁྲིམས་མེ་གཞོང་འགྲམ་དུ་ལངས་ནས་འདམ་བག་རིམ་བཞིན་མེ་གཞོང་ཐོག་བྱུག་ཡོད་ཅིང་། ཁོང་གིས“དེ་ནི་ང་ཚོའི་ལོ་གསར་གཏོང་སྐབས་ས་གསར་པ་སྣོན་པའི་གོམས་སྲོལ་ཞིག་ཡིན། དེ་ནི་ང་ཚོས་ལོ་གསར་པའི་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྒུག་ཀྱང་ཡིན་པ་རེད”ཅེས་བཤད་པ་དང་། སྲོལ་རྒྱུན་གྱི་གོམས་སྲོལ་འདི་དག་ནན་ཏན་གྱིས་ཁྱིམ་ནང་གི་བྱིས་པ་རྣམས་ལ་བསླབས་པ།
图片
        མེ་གཞོང་གི་འགྲམ་གྱི་སྒྲོག་ཙེའི་སྟེང་ལ་གནམ་གང་གི་དགོང་ཟས་བཞག་ཡོད། དེའི་ཁྲོད་ཁྱད་ཆོས་ལྡན་པའི་ཕག་ཤ་དང་། ཤ་རྒྱུ། ཚ་སོབ་སོབ་ཀྱི་གནམ་ཁོག ཟས་སྣ་སོགས་ཡོད་དེ། ནང་མི་ཚང་མ་མཉམ་དུ་བསྡད་ནས་འཁྲུག་ཆ་དོད་པའི་གནམ་གང་གི་དགོང་ཟས་ཟ་དུས། སེམས་ནང་བདེ་སྐྱིད་ཚོར་སེམས་ཀྱིས་ཁེངས་ཡོད་པའི་ཚུལ་ཁྲིམས་ཀྱིས་ལོ་དེ་དག་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་སྔར་བས་ཡག་ཏུ་ཕྱིན་ཡོད། ན་ནིང་ཁྱིམ་དུ་གཉེར་སྐྱོང་བྱས་པའི་ཁང་འཁོར་སྒར་ས་ནས་ཡོང་འབབ་སྒོར་ཁྲི་4ནས་5བར་བྱུང་བ་དང་། བུ་མོ་ཕྱི་ལ་གླ་བ་རྒྱུག་གི་ཡོད། ཚ་བོ་གཉིས་ཀ་སློབ་ཆེན་དུ་སོང་ཡོད། ཨ་མ་ལགས་སྐུ་གཟུགས་བདེ་ཐང་ཡིན་པ་དང་འཚོ་བར་སེམས་ཁྲལ་བྱེད་དགོས་མེད། ལོ་གསར་པར་ཚང་མ་ལ་ནད་མེད་ཚེ་རིང་། གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས།
图片