བདེ་ཆེན་གྱི་2023ལོའི་བོད་ལོ་སར་གྱི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་20ཉིན་གྱི་སྔ་དྲོར། མཐུན་སྒྲིལ་གྱི་མེ་ཏོག་བདེ་ཆེན་གསར་པར་བཞད།  སེམས་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ།  འཛམ་གླིང་གི་སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་བོད་ལོ་སར་གྱི་རིག་གནས་དང་ཡུལ་སྐོར་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ་རེད།

        འགོ་ཚུགས་མཛད་སྒོའི་ཐོག བདེ་ཆེན་ཁུལ་གླུ་གར་ཚོགས་པ་ཡིས་《འཆམ་མཐུན་གྱི་བདེ་ཆེན། བདེ་སྐྱིད་ཀྱི་ལོ་སར་》ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་།  《བདེ་ཆེན་གསར་པ།》《ཚོགས་ཆེན་ཉི་ཤུ་པ་ཨ་ཁོ་ཅི།》《ལས་དབང་གཅིག་ཏུ་འབྲེལ།》ཞེས་པ་སོགས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་ལེ་ཚན་ཁག་གིས་བདེ་ཆེན་གྱི་མི་རིགས་སོ་སོའི་བུ་ཕྲུག་དག་ཧུར་བརྩོན་ཡར་སྐྱེད་དང་མཐུན་སྒྲིལ་མཛའ་མཐུན་གྱི་བསམ་པའི་རྣམ་པ་དང་།  ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་དཔའ་ཉམས་གང་ལེགས་མངོན་ཡོད།  ཐང་ཆེན་གྱི་འགྲམ་གཉིས་ལ་དངོས་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟེགས་དང་རིག་གནས་དྲིལ་བསྒྲགས་འགྲེམས་པང་དུས་མཉམ་དུ་འགྲེམས་སྟོན་བྱས་པ་རེད།

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་།  དྲིན་ཚོར་ཡར་བརྩོན་བྱེད་དེ་བརྟན་ལྷིང་དང་འཕེལ་རྒྱས།  སྣོད་བཅུད།  མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཚན་ཆེན་པོ་བཞི་དམ་འཛིན་ཡག་པོ་བྱེད་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་།  དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས།  དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་བཅོས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་རྒྱུན་མི་ཆད་པར་ལེགས་སུ་ཕྱིན་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། 2023ལོར་བདེ་ཆེན་གྱིས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་དེ།  ཁོངས་ཡོངས་ཡུལ་སྐོར་ཁ་ཕྱོགས་སུ་བཟུང་བ་དང་ལས་རྣམ་ཕུན་སུམ་ཚོགས་པོར་གཏོང་རྒྱུ་གཙོ་གནད་དུ་བྱེད་པ།  མཉམ་འབྲེལ་འཕེལ་རྒྱས་ཐབས་ལམ་དུ་བྱེད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་གཞི་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གྱུར་བར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་།  རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་གནད་འཕེལ་རྒྱས་འཐབ་ཇུས་ནང་དེ་བས་རང་འགུལ་ངང་མཉམ་འདྲེས་དང་ཞབས་ཞུ་བྱེད་དེ་རྒྱ་ཁྱབ་ཏུ་ཁུལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ།  འཆམ་མཐུན། མཛེས་སྡུག ཞི་བདེའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་པར་སྐུལ་སློང་བྱ་རྒྱུ་ཡིན།

        ཤེས་གསལ་བྱུང་དོན། 2023ལོའི་བོད་ལོ་སར་གྱི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ནི་ཚེས་20ཉིན་ནས་ཚེས་22ཉིན་གྱི་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་།  དུས་ཡུན་ཉིན་གསུམ་གྱི་བྱེད་སྒོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་།  འཇོལ་རྫོང་།  འབའ་ལུང་རྫོང་བཅས་ཀྱི་རིག་གནས་དང་ཡུལ་སྐོར་ཅུས་དང་།  ཁུལ་མི་རིགས་གླུ་གར་ཚོགས་པ།  ཁུལ་རིག་གནས་ཁང་།  ཁུལ་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས།  ཁུལ་སྒྱུ་རྩལ་ཞིབ་འཇུག་སུའོ་བཅས་ལས་ཁུངས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དང་།  འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དང་འབའ་སྡེ་ཤང་།  འཇོལ་རྫོང་དབུ་ནུབ་སྟེང་བཅས་ས་ཆར་ཚང་མ་ལ་བོད་ལོ་སར་གྱི་རིག་གནས་འཁྲབ་སྟོན་དང་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྟོན་རྒྱུ་རེད།