བདེ་ཆེན་ལུང་པའི་སྲོལ་རྒྱུན་གྱི་ལོ་སར་བྲོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ལུང་པའི་སྲོལ་རྒྱུན་གྱི་ལོ་སར་བྲོ་བ་ནི་ཟས་སྣ་དང་། འབྱར་འཁུར།  གནམ་ཁོག་སོགས་ཡིན་ལ། དུས་རབས་ཇི་ལྟར་འཕེལ་རྒྱས་བྱུང་རུང་མི་རྣམས་སྔར་བཞིན་སྲོལ་རྒྱུན་གྱི་བྲོ་བ་དེ་དག་ལ་དགའ་བ་ཡོད་པ་དང་།  བྲོ་བ་དེ་དག་གི་བཟོ་སྟངས་ལ་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་སྲིད། ཡིན་ནའང་མི་རྣམས་ཀྱིས་ལོ་ལྟར་མཛད་སྒོ་དེ་དག་བསྐྱུར་མི་སྲིད།

图片
图片
        ཟས་སྣ་དང་འབྱར་འཁུར་ནི་བདེ་ཆེན་བ་ཚོའི་བོད་ལོ་སར་བསུ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། གནམ་གང་ཉིན་དེར་དུད་ཚང་ཀུན་གྱིས་ལོ་སར་སྐབས་དགོས་པའི་ཟས་སྣ་དང་འབྱར་འཁུར་བཟོ་དགོས། ཟས་སྣ་ནི་གྲོ་ཕྱེ་ནང་སྐྱུར་ཁུ་དང་བུལ་ཏོག་བླུགས་ནས་དཀྲུགས་ཏེ་རང་གི་དགོས་མཁོ་ལྟར་གཏུབ་རྗེས་སྣུམ་ནང་བཙོ་བ་དང་།  འབྱར་འཁུར་ནི་འབྱར་ཕྱེ་ཡིས་བཟོ་བ་དང་། འབྱར་ཕྱེ་ནང་སྐྱུར་ཁུ་བླུགས་ཏེ་དཀྲུགས་ནས་སྣུམ་ནང་བཙོ་དགོས་པ་རེད།  ཟས་རིག་དེ་སྣ་གཉིས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཐེག་ཡོད་པ་མ་ཟད།  མི་རྣམས་ཀྱིས་ལོ་རེ་བཞིན་བདེ་སྐྱིད་འཆམ་མཐུན་དང་འབྲུ་རིགས་ཕྱུག་པའི་བཀྲ་ཤིས་སྨོན་འདུན་མཚོན་ཡོད།
图片
        གནམ་གང་ཉིན་གྱི་དགོང་ཟས་ལ་གནམ་ཁོག་བཟའ་བ་ནི་བདེ་ཆེན་བའི་ལོ་སར་གཏོང་སྐབས་ཀྱི་སྲོལ་རྒྱུན་གྱི་ལུགས་སྲོལ་ཞིག་ཡིན། གནམ་ཁོག་ནི་ཉི་ཤར་ལུང་པ་ནས་ཐོན་པའི་རྫ་ནག་སྤྱད་དེ།  ཤ་དྲིལ་དང་བེ་ཤ་སྐམ་པོ། ཞོག་ཁོག སྲན་ཐུད། ཕག་ཤ་སོགས་ཀྱི་བཟའ་བཅའི་རྒྱུ་ཆ་གོ་རིམ་ངེས་ཅན་ཞིག་ལྟར་ནས་རྫ་ནག་ནང་བཅུག་པ་དང་།  དེ་ནས་ཁུ་བ་བླུགས་ནས་མཉམ་དུ་བཙོ་བ་དེ་ཡིན།  དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་གནམ་ཁོག་ནང་བཅུག་པའི་རྒྱུ་ཆ་དེ་བས་ཕུན་སུམ་ཚོགས་པོར་གྱུར་ཡོད་མོད།  འོན་ཀྱང་བདེ་ཆེན་བས་གནམ་ཁོག་ལ་དགའ་ཞེན་སྔར་བཞིན་རྒྱུན་མཐུད་བྱེད་བཞིན་ཡོད།