འཇོལ་རྫོང་ཧྥུའོ་ཧྲན་ཤང་གི་ས་མཐོའི་ཞིང་ཁར་སོན་འདེབས་ཀྱི་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


  ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཧྥུའོ་ཧྲན་ཤང་མའང་ཁོངས་ནང་གི་ས་བབ་མཐོ་བའི་ས་ཁུལ་དུ་སོན་འདེབས་ཀྱི་འགོ་ཚུགས་ཡོད་པ་དང་།   གྲོང་མི་ཚོས་དཔྱིད་ཀྱི་ཉི་འོད་དྲོ་བའི་གོ་སྐབས་དང་བསྟུན་ནས་རེ་བའི་ས་བོན་བཏབ་ཡོད།   དེའང་ལོ་གཅིག་གི་འཆར་འགོད་ནི་དཔྱིད་ཀྱི་དུས་སུ་བཟོ་བ་དང་།   ལོ་གཅིག་གི་ཆེས་ལེགས་པའི་ལྗོངས་རྣམ་ནི་རྨོ་འདེབས་ཀྱི་དུས་སུ་ཡོད་ཅེས་པ་བཞིན།   ཞོགས་པའི་ཉི་འོད་ས་གཞི་ཡོངས་ལ་འཕྲོས་པ་ན་གྲོང་མི་རྣམས་ཀྱི་སྤྲོ་སྣང་གི་སྒོ་ནས་ཉིན་གཅིག་གི་ངལ་རྩོལ་བྱེད་པའི་འགོ་བརྩམས་ཡོད།   ཞིང་ཁ་རུ་གྲོང་མི་རེ་འགས་ས་བོན་འདེབས་པ་དང་།  ཡང་ལ་ལས་ས་སློག་པ་དང་མཉམ་པོར་བཟོ་བ་སོགས་ལས་ལ་བརྩོན་པའི་ཡུལ་མི་རྣམས་ཀྱིས་རང་རང་གི་ས་ན་བྲེལ་འཚུབ་ཆེ་བའི་ངལ་རྩོལ་བྱེད་པའི་སྣང་བརྙན་འདི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།