བོད་ལྗོངས་ལྷ་སར་ལོ་སར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་པའི་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-08   རྩོམ་ཁུངས།    ཞིན་ཧྭ་དྲ་བ།

པར་འདི་ནི2023ལོའི་སྟག་རྩེ་ཆུས་ཀྱི་སྐབས་དང་པོའི་ལོ་གསར་མཁོ་ཆས་ཉོ་སྒྲུབ་ཚོང་འདུས་བྱ་འགུལ་གྱི་ཡུལ་དངོས་རེད།

    ཟླ2པའི་ཚེས6ཉིན། བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་མཚམས་འདིར། དུས་ཡུན་ཉིན7རིང་སྤེལ་བའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་སྐབས་དང་པོའི་ལོ་གསར་མཁོ་ཆས་ཉོ་སྒྲུབ་ཚོང་འདུས་ཀྱི་མགོ་ཚུགས་པ་རེད། ཐེངས་འདིའི་ཚོང་འདུས་ནང་བསྡོམས་པས་ཁེ་ལས132དང་མཉམ་ལས་ཁང་། ཚོང་དུད་བཅས་ཞུགས་ཡོད། །

པར་འདི་ནི2023ལོའི་སྟག་རྩེ་ཆུས་ཀྱི་སྐབས་དང་པོའི་ལོ་གསར་མཁོ་ཆས་ཉོ་སྒྲུབ་ཚོང་འདུས་བྱ་འགུལ་གྱི་ཡུལ་དངོས་རེད།

པར་འདི་ནི་སྟག་རྩེ་ཆུས་ཀྱི་སྲོལ་རྒྱུན་ལྷ་མོའི་གོས་རྒྱན་ཆ་ལུགས་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་ཚོང་འདུས་ཐོག་ལྷ་མོའི་གདོང་འབག་ཚོང་འགྲེམ་བྱེད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་སྟག་རྩེ་ཆུས་ཀྱི་ས་གདན་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་ཚོང་འདུས་ཐོག་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་ཚོང་འགྲེམ་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཚོང་འདུས་ཐོག་དྲ་ཐོག་ཐད་གཏོང་བརྒྱུད་ནས་ལོ་གསར་མཁོ་ཆས་འོས་སྦྱོར་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་མང་ཚོགས་ཀྱིས་ཚོང་འདུས་ཐོག་ལོ་གསར་མཁོ་ཆས་འདེམ་ཉོ་བྱེད་བཞིན་པའི་རྣམ་པ་རེད།