སེམས་ཀྱི་ཉི་ཟླ་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཁྱེར་དུ་གྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཉེ་སྔོན།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དཔེ་སྟོན་ལས་ཁུངས་ཁག་བཅུ་པར་མིང་བཏགས་པའི་སྐོར་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཏན་འབེབས》(མི་རིགས་ལས་དོན་ཨུ་ལྷན་གྱིས་བཀྲམས་པའི〔2023〕ཨང་4པ)འགྲེམས་སྤེལ་བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་དང་ལས་ཁུངས་283ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་དཔེ་སྟོན་ལས་ཁུངས་ཁག་བཅུ་པར་མིང་བཏགས་ནས་གོ་ཆོད་དུས་ཡུན་ལོ་5ཡིན་པའི་གཏན་འབེབས་བྱས་པ་རེད། ཡུན་ནན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)11ལ་མིང་བཏགས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་མིང་ཐོ་དེར་ཚུད་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་བདེ་ཆེན་ཁུལ་གྱི་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་པ་དང་ཁོངས་གཏོགས་ཤང་7དང་གྲོང་རྡལ་4དང་། གྲོང་ཚོ(གྲོང་ལྷན)ཨུ་ལྷན་62།གྲོང་ཚོ(གྲོང་མི)ཚོགས་ཆུང་688བཅས་ཡོད་པ་དང་ས་ཁོངས་ནང་བོད་རིགས་དང་། རྒྱ་རིགས། འཇང་རིགས། ལི་སུའུ་རིགས། དབྱི་རིགས། པའེ་རིགས། མིའོ་རིགས། ཧུའེ་རིགས། ཕུའུ་སྨི་རིགས་སོགས་མི་རིགས་25བསྡད་ཡོད་པ་དང་སྤྱིའི་མི་གྲངས་ཁྲི་18.64ཟིན་ཡོད།

    ཉེ་བའི་ལོ་ཤས་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་དེ་དམིགས་ཚད་དུ་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་འཛིན་ཏན་ཏིག་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ངང་གསར་གཏོད་བྱས་ཏེ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ།  མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ལམ་བུ་ཞིག་འཚོལ་ཞིབ་བྱས་ཐུབ་པ་དང་།གྲོང་ཁྱེར་ཡོངས་སུ་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་འཕེལ་རྒྱས་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད།