ཅི་དགར་རོལ་བའི་ཁྲུང་ཁྲུང་སྐེ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-07   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ།

འདི་ནི་བོད་ཀྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཞིས་རྩེའི་ཁུལ་གྱི་ལྷ་རྩེ་རྫོང་དུ་དགུན་སྒྲོལ་བྱེད་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

   བོད་ཀྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཞིས་རྩེའི་ཁུལ་གྱི་ལྷ་རྩེ་རྫོང་ཉེ་འགྲམ་དུ་དགུན་སྒྲོལ་བྱེད་པའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ས་མཐོའི་དཔྱིད་ཀྱི་དྲོད་འཇམ་ཉི་འོད་འོག་ཅི་དགར་རོལ་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། བོད་ཀྱིས་བྱེད་ཐབས་སྣ་མང་སྤྱད་ནས་སྐྱེ་ཁམས་འཛུགས་སྐྱོང་བྱས་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ཏེ། ཁྲུང་ཁྲུང་སྐེ་ནག་དང་དེ་བཞིན་དེའི་འཚོ་སྡོད་ཁུལ་ཡང་སྲུང་སྐྱོང་ཡག་པོ་ཐུབ་ནས་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།