བདེ་ཆེན་ཁུལ་གྱིས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཚུན། བདེ་ཆེན་ཁུལ་རིམ་པ་ཁག་གི་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་འབད་འཐབ་དམིགས་ཚད་གཏན་འཁེལ་དང་། བསམ་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ།

        མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མི་སེམས་ལ་ཟུག་པའི་སྒྲོག་སྦྱང་འགྲེལ་བཤད་བྱེད། 

        བདེ་ཆེན་ཁུལ་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་འཕྲལ་དུ་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་དགོས་པའི་ལས་དོན་བཀོད་སྒྲིག་བྱས་ཡོད་དེ། སྒྲོག་འགྲེལ་དཔུང་ཁག་གིས་གཞི་རིམ་ལ་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་སྦྱང་འགྲེལ་བཤད་བྱས།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་གི་འབྲོག་ར་ཞིག་ཏུ་མང་ཚོགས་30ལྷག་མཉམ་དུ་བསྡད་དེ་སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་སྒྲོལ་མས་བོད་སྐད་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་ཉན་ཞིང་། ད་ལོ་ལོ་59ལ་སླེབས་པའི་གྲོང་མི་ལི་ཁྲུན་རུང་གིས་དགའ་སྤྲོའི་ངང་“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དེ་ནས་རང་ཡུལ་དུ་ཡུལ་སྐོར་བ་ཇེ་མང་དུ་ཡོང་རྒྱུ་རེད། སྐབས་དེར་ཁྱིམ་དུ་བཏབ་པའི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་དག་འཚོང་ཐུབ་རྒྱུ་རེད་ཅེས་བཤད་པ།

        མི་གཅིག་དང་དུད་ཚང་གཅིག་ཀྱང་མ་ལུས་པའི་བྱ་ཐབས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས།

        བདེ་ཆེན་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་གྲོས་གཞི་དང་པོ་དང་། འཐབ་ས་དང་པོ། སློབ་ཁང་དང་པོ། རང་འགུལ་དང་པོ། བརྟན་ལྷིང་དང་པོ་བཅས་ཀྱི་ཨང་དང་པོ་ལྔ་ཞེས་པའི་ལམ་སྲོལ་འགན་སྲུང་དུ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཡོད།

        “ལོ་ཙྭ་བ་”ཡག་པོ་བྱས་པ། ལས་བྱེད་པའི་ཚོགས་ཆེན་དང་། འབྲོག་རའི་སྐོར་སྐྱོད་ཏང་གི་སློབ་གྲྭ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཏང་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ཀྱི་དོན་སྙིང་ཟབ་ལ་གོ་སླ་བའི་སྒོ་ནས་སྒྲོག་སྦྱང་བྱས་པ།“རིག་རྩལ་འཁྲབ་སྟོན་པ་”ཡག་པོ་བྱས་པ། ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ནས་བདེ་ཆེན་གྱི་འགན་འཁྲི་འཁུར་སེམས་མཚོན་ཡོད།“འགྲེལ་བཤད་པ་ཡག་པོ་”བྱས་པ། གྲུབ་འབྲས་འགྲེམས་སྟོན་གྱི་སྐོར་སྐྱོད་འགྲེམས་སྟོན་ཐོག་ནས་བདེ་ཆེན་ལ་ཐོབ་པའི་ཡར་རྒྱས་དང་གྲུབ་འབྲས་མཚོན་ཡོད།

        དེ་མ་ཚད།བདེ་ཆེན་ཁུལ་གྱིས་ད་དུང་ཤེས་བྱའི་འགྲན་བསྡུར་དང་། གཏམ་བཤད་འགྲན་བསྡུར། བརྗོད་དོན་གཙོ་བོའི་གློག་བརྙན་སོགས་ཀྱི་རྣམ་པ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོ་དང་། ལྟེ་བའི་དོན་སྙིང་། ནང་དོན་གཏིང་ཟབ་བཅས་ལ་སྔར་བས་གོ་བ་གཏིང་ཟབ་ལེན་དགོས་པའི་ཁྲིད་སྟོན་ཡང་བྱས་པ་རེད།

    

        དམངས་སེམས་གཅིག་སྒྲིལ་དང་དམངས་ཤུགས་གཅིག་སྒྲིལ་ནས་གྲུབ་འབྲས་བྱུང་བ།

        བདེ་ཆེན་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་བ།

        རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་སོགས་གཙོ་གནད་ཐོན་ལས་ལ་དམིགས་ནས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་རྩིས་ཐོ་གསེད་བཀྲོལ་བྱེད་པ་དང་། ཚོང་འགུགས་བྱེད་སྒོར་བརྟེན་ནས་ཕྱི་ཕྱོགས་སུ་འོས་སྦྱོར་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་ཁུལ་ཕྱིའི་ཁེ་ལས་ཀྱི་མ་འཇོག་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱས་ཡོད། མིག་སྔར་བདེ་ཆེན་ཁུལ་གྱིས་མ་འཇོག་སྐུལ་སྤེལ་མ་ལག་གིས་བདེ་ཆེན་དུ་གཞིས་ཆགས་པའི་ཕྱི་ཕྱོགས་མ་འཇོག་ཁེ་ལས་110ལ་བཅར་འདྲི་བྱས་པ་དང་ཁུལ་ཕྱིའི་ཁེ་ལས་104དང་འབྲེལ་གཏུག་བྱས་པ་རེད།

        གོམ་སྟབས་རྗེས་མར།བདེ་ཆེན་ཁུལ་གྱི་ས་གནས་ཁག་གིས་དངོས་འཛིན་དངོས་སྒྲུབ་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་བརྟན་དུ་གཏོང་རྒྱུ་རེད།