རྩེ་ཕོ་བྲང་དུ་ཕེབས་སྐབས་ཀྱི་སྒོ་འཛིན་མངགས་ཉོའི་བརྡ་འཕྲིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-03   རྩོམ་ཁུངས།    人民网藏文版

གུས་པར་འོས་པའི་ཡུལ་སྐོར་བ་རྣམ་པ། 
        2023ལོའི་ཟླ་2ཚེས་1ཉིན་ནས་བཟུང་། ཕོ་བྲང་པོ་ཏ་ལར་གཟིགས་སྐོར་དུ་སྐྱོད་པའི་སྒོ་འཛིན་ཉིན་གསུམ་གྱི་གོང་ནས་སྔོན་མངགས་བྱེད་སྲོལ་ལག་བསྟར་བྱ་རྒྱུ་ཡིན་པས། དེ་དུས་“ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་ཉོའི་མ་ལག་”འཕྲིན་ཕྲན་གོ་རིམ་ཆུང་ངུ་བརྒྱུད། ཉིན་གསུམ་གྱི་སྔོན་ནས་སྒོ་འཛིན་མངགས་ཉོ་གནང་ཆོག
       གཅིག ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་དང་། ཐེམ་ཐོ། ལམ་ཡིག་བཅས་འཁྱེར་ནས་འཕྲིན་ཕྲན་གོ་རིམ་ཆུང་ངུའི་ཐོག་ནས་སྤ་སེ་མངགས་ཉོ་གནང་ཆོག ཉིན་རེའི་ཆུ་ཚོད་8:30ནས་འགོ་ཚུགས་ཏེ་ཉིན་གསུམ་ནང་ཚུན་དུ་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་ཉོའི་འཛིན་ཤོག་བཙོངས་མ་ཟིན་བར་དུ་རིམ་པར་སྔོན་མངགས་བྱེད་དུ་འཇུག་རྒྱུ་ཡིན། 
       གཉིས། མངགས་ཉོ་བྱས་རྗེས། གློག་རྡུལ་ཁ་ཆད་ཀྱི་རྩ་གཉིས་བཤེར་རྟགས་སྟེང་གི་དུས་ཚོད་དང་ཟླ་ཚེས་ཚད་གཞིར་འཛིན་དགོས། ལྟ་སྐོར་སྐྱོད་ཉིན་དེ་སྤ་སེའི་ཐོག་གི་ཉིན་གྲངས་ལས་བརྒལ་ཟིན་ན་ནང་དུ་འཛུལ་མི་ཆོག སྤ་སེ་ཡོད་མཁན་གྱིས་ཐོབ་ཐང་ལག་ཁྱེར་དང་གློག་རྡུལ་སྤ་སེ་འཁྱེར་ནས་ཆུ་ཚོད་གཅིག་གི་གོང་ནས་ཕོ་བྲང་པོ་ཏ་ལའི་རྒྱལ་སྒོའི་(ལྷོ་སྒོ་)ནང་དུ་འཛུལ་ནས་སྤ་སེ་ཞིབ་བཤེར་བྱས་རྗེས་ཕོ་བྲང་པོ་ཏ་ལའི་སྒོ་རའི་(སྒོ་དང་པོའི་)ནང་དུ་འཛུལ་ནས། ་སྒོ་རའི་ནང་གི་ཞོལ་ཁང་མཛེས་ལྗོངས་ལ་ལྟ་སྐོར་བྱས་ཆོག་པ་དང་། སྤ་སེ་ཡོད་མཁན་གྱིས་ཆུ་ཚོད་ཕྱེད་ཀའི་སྔོན་ལ་ཡི་གེ་ཟུབ་པའི་རྡོ་རིང་ནང་མའི་སྤ་སེ་བཤེར་སྒོ་(སྒོ་གཉིས་པ་)ནས་འཛུལ་དགོས། ཕོ་བྲང་པོ་ཏ་ལའི་སྔོན་མངགས་སྤ་སེ་ཚང་མ་ཉིན་དེའི་རིང་གི་བལྟ་སྐོར་བྱེད་ཡུན་དུ་མ་གཏོགས་གོ་མི་ཆོད། 
       གསུམ། ཡུལ་སྐོར་བས་ངེས་པར་དུ་རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱི་འཕྲིན་ཕྲན་ཐོག་ནས་སྔོན་མངགས་བྱེད་དགོས་པ་དང་། སྔོན་མངགས་ལེགས་གྲུབ་བྱུང་རྗེས་ལྟ་སྐོར་བྱེད་ཉིན་ནས་བཟུང་གི་ཉིན་7ནང་ཚུན་དུ་སྔོན་མངགས་ཐེངས་གཉིས་པའི་སྒོ་འཛིན་མངགས་ཉོ་བྱེད་མི་ཐུབ། ལོ་60བརྒལ་བའི་《རིག་ནུས་ལ་ག་རྩལ་སྤྱོད་དཀའ་བའི་རྒན་རྒོན་》ཞབས་ཞུ་དང་ལེན་པ་དང་། དེ་བཞིན་དམིགས་བསལ་མི་སྣས་ཉིན་གཅིག་གི་གོང་གི་(སྔ་དྲོའི་ཆུ་ཚོད་10:00ནས་ཆུ་ཚོད་12:00བར་)ལ་“ཕོ་བྲང་པོ་ཏ་ལའི་སྒོ་འཛིན་སྔོན་མངགས་ཁང་”རང་དུ་སྔོན་མངགས་བྱེད་པར་ཡོང་ཆོག རང་ལོ་15མན་གྱི་ན་སོ་དར་ལ་མ་བབས་པའི་རིགས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོ་འཁྱེར་ཏེ་“ཕོ་བྲང་པོ་ཏ་ལའི་སྒོ་འཛིན་སྔོན་མངགས་ཁང་”ནས་ན་སོ་དར་ལ་མ་བབས་པའི་སྤ་སེ་ལེན་པར་ཡོང་དགོས། གཞན་གྱིས་སྤ་སེ་མངགས་ཉོ་པར་དུ་བླངས་པའི་པར་བཅད་ཀྱི་རིགས་ཚང་མ་གོ་མི་ཆོད་པས། ཁག་འགན་རང་གིས་འཁུར་དགོས། 
       བཞི། གནའ་བོའི་སྐྲུན་དངོས་ཀྱི་ཐེག་ཤུགས་ཚད་དུ་གཏོང་ཆེད་ཕོ་བྲང་པོ་ཏ་ལའི་གྲུབ་ཆ་གཙོ་བོར་ལྟ་སྐོར་བྱེད་ཡུན་ཆུ་ཚོད་གཅིག་ཏུ་གཏན་འཁེལ་བྱས་ཡོད། ཡུལ་སྐོར་བ་རྣམ་པས་ང་ཚོའི་ལས་ཀར་གཞོགས་འདེགས་ཧུར་ཐག་གནང་སྟེ་ཐུན་མོང་ཐོག་ཡུལ་སྐོར་ཁོར་ཡུག་བདེ་འཇགས་དང་གོ་རིམ་ལྡན་པར་གཏོད་རྒྱུའི་རེ་བ་ཡོད། 

སྐུ་ཉིད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། 
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས།
2023ལོའི་ཟླ་2ཚེས་1ཉིན།