དྲོད་རླངས་མཁོ་འདོན་རྣམ་གྲངས་ལས་ཁྱིམ་ཚང་མང་པོ་ལ་ཕན་པ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        2022ལོར། བདེ་ཆེན་ཁུལ་གྱིས“དྲོད་རླངས་དུད་ཚང་དུ་འཁྲིད་པའི” ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་འཛུགས་སྐུན་ལ་ཤུགས་བསྣན་པ་དང་དྲོད་རླངས་མཁོ་འདོན་གྱི་འགན་ལེན་ནུས་པ་ཆེ་རུ་བཏང་ནས་དྲོད་རླངས་མཁོ་འདོན་རྣམ་གྲངས་ལས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་པ་ཐོབ་པར་ཁག་ཐེག་བྱས་པ་རེད།

        མིག་སྔར། ཁུལ་ཡོངས་སུ་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་500ཟིན་པ་དང་དངོས་སུ་དྲོད་རླངས་མཁོ་འདོན་བྱེད་ཚད་སྨི་ངོས་གྲུ་ཁྲི་300ཟིན་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་དྲོད་རླངས་མཁོ་འདོན་ས་ཚིགས་ཁྱོན་21སྤྱོད་འགོ་ཚུགས་པ་དང་། གཞན་ཡང་དྲོད་རླངས་མཁོ་འདོན་ས་ཚིགས་3ལ་འཁོར་སྐྱོད་ཀྱི་ཆ་རྐྱེན་ཡོད་པ་དང་ས་ཚིགས་5སྐྲུན་བཞིན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་སྲིད་འཛིན་བྱ་གཞག་ལས་ཁུངས་96དང་གྲོང་ཁུལ་གྱི་གྲོང་མིའི་དུད་ཚང་8252ལ་དྲོད་རླངས་མཁོ་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་དེ། གྲོང་ཁུལ་གྱི་ཁང་པའི་ནང་གི་དྲོད་རླངས་མཁོ་འདོན་སྒྲིག་ཆས་སྒྲིག་སྦྱོར་ཁྱབ་ཚད་95%ཡན་ཟིན་པ། འཇོལ་རྫོང་དུ་དྲོད་རླངས་མཁོ་འདོན་བྱེད་ནུས་སྨི་ངོས་གྲུ་ཁྲི་35ཟིན་པ། འབའ་ལུང་རྫོང་དུ་དྲོད་རླངས་མཁོ་འདོན་གཙོ་གཉེར་གྱི་རིང་ཚད་སྟོང་སྨི་18བཏིང་ཡོད་པ་དང་གློག་ཤུགས་དང་། འཕྲིན་གཏོང་། རང་བྱུང་སོལ་རླངས་མདོང་ལམ་བཅས་འདིང་ཚར་ཞིང་འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་ཡང་ལེགས་སྒྲུབ་བྱས་པ་རེད།

        2023ལོར། ཀུང་སིས་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐུན་ལ་མགྱོགས་པོའི་ངང་སྐུལ་འདེད་གཏོང་བ་དང་། ཚ་དྲོད་མཁོ་འདོན་མ་ལག་གི་ལག་རྩལ་བསྒྱུར་བཀོད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དྲོད་རླངས་མཁོ་འདོན་གྱི་ཕན་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བདེ་ཆེན་ཁུལ་ཚ་ཤུགས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཀྲེང་གིས་འདི་འདྲ་བཤད་བྱུང་།