ཏོག་གསར་ནད་དུག་གི་སྨན་གསར་པ་གཉིས་ཐོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུད་ཀྱིས་ཆ་རྐྱེན་ཡོད་པའི་སྒོ་ནས་ཏོག་གསར་ནད་དུག་སྨན་བཅོས་ཀྱི་སྨན་སྣ་སྟེ། ཞན་ནའོ་ཐི་ཝེ་ཕེན་(先诺特韦片)ཞེས་པ་དང་ལི་ཐོ་ན་ཝེ་ཕེན་(利托那韦片)ཞེས་པའི་མཉམ་སྡེབ་སྨན་ཐུམ་དང་། ཆིན་ཞུའུ་ཏའོ་རེའུ་མེ་ཏི་ཕེན་(氢溴酸氘瑞米德韦片)ཞེས་པ་གཉིས་ཚོང་རར་བཀྲམ་པར་ཆོག་མཆན་བཀོད་འདུག 

        ཉེ་ལམ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུད་ཀྱིས་༼སྨན་རྫས་དོ་དམ་བཅའ་ཁྲིམས༽ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྨན་རྫས་ཀྱི་དམིགས་བསལ་ཆོག་འགོད་འགྲོ་ལུགས་ལྟར་འཕྲད་བསྟུན་ཞིབ་དཔྱད་མཆན་འགོད་སྤེལ་ཏེ་ཆ་རྐྱེན་ཡོད་པའི་སྒོ་ནས་ཧེ་ནན་ཞན་ཧྲིན་སྨན་ལས་ཚད་ཡོད་ཀུང་སིས་རེ་ཞུ་བྱས་པའི་རིགས་དང་པོའི་གསར་གཏོད་སྨན་ཞན་ནའོ་ཐི་ཝེ་ལེབ་མོཞེས་པ་དང་ལི་ཐོ་ན་ཝེ་ཕེན་མཉམ་སྡེབ་སྨན་ཐུམ་(ཚོང་རྫས་ཀྱི་མིང་ལ་ཞན་ནའོ་ཞིན་先诺欣ཟེར)དང་ཧྲང་ཧེ་ཝང་ཧྲི་སྐྱེ་དངོས་སྨན་རྫས་ཚན་རྩལ་ཚད་ཡོད་ཀུང་སིས་རེ་ཞུ་བྱས་པའི་རིགས་དང་པོའི་གསར་གཏོད་སྨན་ཆིན་ཞུའུ་ཏའོ་རེའུ་མེ་ཏི་ཕེན་(ཚོང་རྫས་ཀྱི་མིང་ལ་མིན་ཏི་ཝེ民得维ཟེར།)གཉིས་ཚོང་རར་བཀྲམ་པར་ཆོག་མཆན་བཀོད་པ་རེད། 
        གོང་གི་སྨན་གསར་པ་གཉི་ཀ་ཁར་བཏུང་བའི་རིགས་ཀྱི་ཏོག་གསར་ནད་དུག་བཅོས་ཐབས་ཀྱི་སྨན་ཡིན་པ་དང་། ཏོག་གསར་ནད་དུག་འགོས་ཚད་ཡང་བ་དང་འབྲིང་བའི་(COVID-19)རིགས་ཀྱི་དར་མས་བསྟེན་ཆོག  ནད་པས་སྨན་པའི་མཛུབ་སྟོན་འོག་གཟབ་ནན་སྒོས་གསལ་བྱེད་ཡི་གེ་གཞིར་བཟུང་ནས་སྨན་བསྟེན་དགོས། 

        རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡིས་ཚོང་རར་བཀྲམ་འཐུས་ཆོག་མཆན་ཐོབ་མཁན་ལ་མུ་མཐུད་དུ་འབྲེལ་ཡོད་ཞིབ་འཇུག་ལས་དོན་སྤེལ་ནས་དུས་བཅད་ལྟར་ཆ་རྐྱེན་ཡོད་པའི་བླང་བྱ་ལེགས་འགྲུབ་བྱས་ཏེ་དུས་ཐོག་ཏུ་རྗེས་མཐུད་ཀྱི་ཞིབ་འཇུག་མཇུག་འབྲས་ཡར་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།