ཇོ་མོ་གླང་མའི་མཁའ་དབྱིངས་ཀྱི་ངོ་མཚར་ཆེ་བའི་སྤྲིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-30   རྩོམ་ཁུངས།    མི་དམངས་དྲ་བ།

        དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། པར་རྒྱག་མཁས་ཅན་ཏུང་ཧྲུའུ་ཁྲང་གིས་རླུང་འཚུབ་ཀྱི་ཁྲོད་དུ་གཤམ་གསལ་པར་འདི་འདྲ་ཞིག་བརྒྱབ་ཡོད་དེ། ཇོ་མོ་གླང་མའི་མཁའ་དབྱིངས་སུ་དར་རིང་འཐེན་པ་ལྟ་བུའི་སྤྲིན་དཀར་རིང་པོ་ཞིག་ཤར་ཡོད། དེ་དང་ཆབས་ཅིག་ལྷོ་ངོས་རི་སུལ་ལས་བྱུང་བའི་ཆུ་ཡི་རླངས་པ་དེ་དག་འཛམ་གླིང་ཡང་རྩེ་ཧི་མ་ལ་ཡའི་ཉེ་འགྲམ་གྱི་རི་ཚོགས་མང་པོ་དང་འགྲོགས་ནས་རི་མགོར་འཁྱུད་པའི་དབང་གིས་དར་གོས་ལྟ་བུའི་སྤྲིན་དུ་གྱུར་པ་ཡིན་ནོ།