མི་འདི་དག་ལ་རིན་མི་དགོས་པར་སྒོ་འབྱེད་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-30   རྩོམ་ཁུངས།    མི་དམངས་དྲ་བ།

        གསར་འགོད་པས་ཟླ་1ཚེས་28ཉིན་གོང་མའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོའི་ཟླ་2ཚེས་1ཉིན(གཟའ་ལྷག་པ)གོང་མའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་གིས་དགེ་རྒན་དང་། དངོས་གཞིའི་ཚན་ཁག་གི་སློབ་གྲྭ། ཆེད་ལས་ཚན་ཁག་གི་སློབ་གླིང་གི་སློབ་མ་བཅས་ལ་རིན་པ་མི་དགོས་པར་སྒོ་འབྱེད་རྒྱུ་རེད། རེ་ཞུ་བྱེད་མཁན་གྱིས“གོང་མའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་”གི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་བརྒྱུད་མིང་ངོ་མ་བཀོད་ནས་སྔོན་མངགས་བྱེད་དགོས་པ་ལས། དེ་ཉིན་གྱི་སྔོན་མངགས་དང་ལེན་བྱེད་ཀྱི་མེད། ལྟ་སྐོར་བྱེད་པའི་ཉིན་དེར་རེ་འདུན་ཞུ་མཁན་གྱིས་ངེས་པར་དུ་སྔོན་མངགས་བྱེད་སྐབས་བེད་སྤྱད་པའི་ཐོབ་ཐང་ལག་ཁྱེར་དང་། གོ་ཆོད་ལས་ཀའི་ལག་ཁྱེར། སློབ་མའི་ལག་ཁྱེར་བཅས་འཁྱེར་དགོས་ཤིང་། སྒོ་ནས་སྤ་སེ་ཞིབ་བཤེར་བྱས་རྗེས་གོང་མའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་དུ་འཛུལ་ནས་ལྟ་སྐོར་བྱེད་ཆོག