མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་གཏོང་ཚད་ཐེངས་64472ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། བདེ་ཆེན་ཁུལ་དུ་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་པ་དང་།སེམས་ཀྱི་ཉི་ཟླའི་ཁོངས་གཏོགས་ནང་གི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་གཏོང་ཚད་མུ་མཐུད་མང་དུ་ཕྱིན་ཡོད།

    

        ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་21ཉིན་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་གཏོང་ཚད་ཁྱོན་2602ཟིན་ཡོད་པ་དང་། ཚེས་22ཉིན་ཐེངས་4868ཟིན་པ། ཚེས་23ཉིན་ནི་ཐེངས་8317ཡིན་པ། ཚེས་24ཉིན་ནི་ཐེངས་11657ཡིན་པ། ཚེས་25ཉིན་ནི་ཐེངས་13094ཡིན་པ། ཚེས26ཉིན་ལ་ཐེངས་12390ཡིན་པ། ཚེས་27ཉིན་ནི་11544ཡིན་པ། དེའི་ནང་ཚེས་26ཉིན་དེར་རླངས་འཁོར་མང་ཤོས་ཀྱི་ཉིན་གཅིག་ཡིན་པ་དང་། སེམས་ཀྱི་ཉི་ཟླ་ནས་ས་དམ་ཕྱོགས་སུ་ཐེངས་7019ཡིན་པ། ས་དམ་ནས་སེམས་ཀྱི་ཉི་ཟླ་ཕྱོགས་སུ་ཐེངས་5371ཟིན་པ་རེད།

    

        གུང་གསེང་རིང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རྒྱལ་ཡོངས་དང་། ཞིང་ཆེན། ཁུལ་ཡོངས་བཅས་ཀྱི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་དང་མཉམ་དུ་2023ལོའི་དཔྱིད་གསར་དུས་ཆེན་རིང་ཆང་བཏུངས་འཁོར་གཏོང་དང་རག་བཟི་འཁོར་གཏོང་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་ཆང་རག་བཏུངས་འཁོར་གཏོང་དང་རག་བཟི་འཁོར་གཏོང་གི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཆང་རག་དང་འབྲེལ་བ་ཡོད་པའི་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱས་པ་རེད།  རུ་ཆེན་གྱིས་མཚན་མོའི་དུས་མཚམས་གལ་ཆེན་དང་རླངས་འཁོར་གཙོ་བོར་དམིགས། ལས་རེས་དམངས་རོགས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་སེམས་ཀྱི་ཉི་ཟླའི་གྲོན་བསྡུའི་ས་ཚིགས་སུ་དཔྱིད་གསར་དུས་ཆེན་རིང་ཆང་བཏུངས་འཁོར་གཏོང་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་གཅིག་གྱུར་བྱ་སྤྱོད་སྤེལ་བ་དང་། ཁྲིམས་འཛིན་ཐོ་འགོད་ཡོ་བྱད་དང་རླངས་འདོན་རྣམ་པའི་ཨ་རག་ཞིབ་དཔྱད་དབྱུག་པ་སོགས་ཀྱི་ཁྲིམས་འཛིན་སྒྲིག་ཆས་གང་ལེགས་སྤྱད་དེ་འགྲོ་འོང་བྱེད་མཁན་འཁོར་རིགས་ལ་ཞིབ་བཤེར་ནན་པོ་བྱས་ནས་ཆང་རག་བཏུངས་ནས་རག་བཟི་འཁོར་གཏོང་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།  འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དུས་མཚུངས་སུ། དམངས་ལས་རོགས་པའི་ཉེན་རྟོག་པས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་འབྲེལ་གྲོན་བསྡུའི་ས་ཚིགས་ཀྱི་གློག་རྡུལ་བརྙན་ཡོལ་སྤྱད་དེ་ཉེན་བརྡ་གཏོང་བའི་སྦྱར་ཡིག་བསྟན་ནས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོར་བདེ་འཇགས་དང་། ཤེས་དཔལ། འགྲོ་སྐྱོད་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའི་བྱ་སྤྱོད་རང་འགུལ་ངང་བཀག་འགོག་བྱས་ཏེ་དུས་བདེ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཐུན་མོང་ཐོག་གཏོད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད།