བདེ་ཆེན་གྱིས་ཉིན་5ནང་ཡུལ་སྐོར་བ་མི་ཐེངས་ཁྲི་25.84སྣེ་ལེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་ཤར་བ་དང་ཆབས་ཅིག  བདེ་ཆེན་ལ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དང་། སུམ་བཙན་གླིང་ལྗོངས་ཁུལ། སྟག་མཆོང་གྲོག་རོང་། ཆུ་དཀར་ཆུ་ནག་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཁེངས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་1པོའི་ཚེས་21ཉིན་ནས་ཚེས་25ཉིན་བར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་25.84ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་15169.18ཟིན་ཡོད།  
图片
        རྡོ་མཁར་རྫོང་དུ་ཡུལ་སྐོར་བ་མང་པོ་ཞིག་གིས་ལུས་ལ་ས་གནས་དེ་གའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་པར་ལེན་ནས་དཔྱིད་གསར་དུས་ཆེན་བསུ་བ་རེད།    
图片
        སུམ་བཙན་གླིང་མཛེས་ལྗོངས་ཁུལ་ཡང་ཡུལ་སྐོར་བས་ས་གནས་དེ་གའི་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་པའི་གདམ་ག་ཡག་ཤོས་ཤིག་རེད། ཚེས་24ཉིན་ཁོ་ནར་སུམ་བཙན་གླིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་9700ལ་སྣེ་ལེན་བྱས་ཡོད། མིག་སྔར་ཡུལ་སྐོར་བ་20408ལ་སྣེ་ལེན་བྱས་ཡོད། 
图片
        ཚེས་21ཉིན་ནས་བཟུང་།སྨན་རི་རྒྱལ་ཁབ་སྤྱི་གླིང་དུ་རྐང་ཐང་བསྐྱོད་པ་དང་། རི་འཛེག་པ། མཛེས་ལྗོངས་ལ་བལྟ་བ་བཅས་ཀྱི་ཡུལ་སྐོར་བ་མངོན་གསལ་སྔ་ལས་མང་བ། ཚེས་24ཉིན་བར་མཛེས་ལྗོངས་ཁུལ་དེས་ཡུལ་སྐོར་བ་ཁྱོན་5796ལ་སྣེ་ལེན་བྱས་ཡོད།    
图片
        དཔྱིད་གསར་དུས་ཆེན་རིང་།ཆུ་དཀར་ཆུ་ནག་དང་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་མཁན་ཡང་མང་དུ་ཕྱིན་ཡོད། ཟླ་1པོ་ཚེས་24ཉིན་བར་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་2347ལ་སྣེ་ལེན་བྱས་ཡོད། ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་2541ལ་སྣེ་ལེན་བྱས་ཡོད་པ་རེད།