ལོ་སར་སྐབས་ཀྱི་སྤྱོད་བཟང་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་སར་སྐབས་ཤོག་སྦག་རྒྱག་པ་ནི་ལོ་རྙིང་བ་ཕར་སྐྱེལ་བ་དང་ལོ་གསར་བ་ཚུར་བསུ་པའི་དགའ་སྤྲོའི་སྣང་ཚུལ་ཞིག་དང་རྟེན་འབྲེལ་གྱི་དུས་བཟང་སྐར་བཟང་བསུ་སྟངས་ཤིག་ཀྱང་ཡིན་པ་རེད། དེ་ཕྱིར་ལོ་སར་སྐབས་ཤོག་སྦག་རྒྱག་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན་པ་སྨྲ་མ་དགོས།   


        གནམ་གང་གི་དགོང་མོར་སེམས་གྱི་ཉི་ཟླ་གྲོང་ཁྱེར་གྱི་ཕྱོགས་སོ་སོར་གནམ་ལོ་གསར་ཚེས་བསུ་བའི་རྟེན་འབྲེལ་གྱི་ཤོག་སྦག་རྒྱག་བཞིན་ཡོད་དེ་ལོ་སར་གྱི་སྣང་བ་ཞིག་གིས་ཡོངས་སུ་ཁེངས་འདུག  འོན་ཀྱང་འདི་འདྲའི་སྤྲོ་སྣང་དང་དགོད་སྒྲའི་བར་ན་ཤོག་སྦག་གིས་གྲོང་ཁྱེར་འདི་ལ་བཟོས་པའི་གད་སྙིགས་དང་ཉེན་ཁ་དེར་ཡང་ང་ཚོའི་བསམ་བློ་བཏང་ཡུལ་དང་སེམས་ཁྲལ་སྐྱེས་ཡུལ་ཞིག་ཏུ་གྱུར། འོན་ཀྱང་ཤམ་བྷ་ལ་སྤྱི་གླིང་གི་ཉེ་འཁོར་ན་ཤོག་སྦག་རྒྱག་བཞིན་པའི་གྲོང་མི་འགའ་ཞིག་གིས་ཤོག་སྦག་བརྒྱབ་ཚར་རྗེས་ཚང་མས་མ་གྲོས་གཅིག་མཐུན་གྱིས་རང་འགུལ་ངང་ཤོག་སྦག་བརྒྱབ་རྗེས་ཐོན་པའི་གད་སྙིགས་འཐུ་བཞིན་ཡོད་ལ། ཁུག་མར་བཅུག་ནས་འཁྱེར་བཞིན་ཡོད།