རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟནལ་བོད་ཡིག་དྲ་བ།
དཔྱད་གསར་དུས་ཆེན་རིང་(ཟླ་1པོའི་ཚེས་21ཉིན་ནས་ཟླ་2པའི་ཚེས་5ཉིན)།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ་དང་སྟག་མཆོང་གྲོག་རོང་ལྗོངས་ཁུལ།སྨན་རི་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ།ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ།ཤམ་བྷ་ལ་དུས་འཁོར་བློས་བསླངས་ཀྱིལ་འཁོར་བཅས་ལྗོངས་ཁུལ་5ཡིས་སྒོ་འཛིན་མི་དགོས་དང་སྒོ་འཛིན་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།
སུམ་རྩེན་གླིང་ལྗོངས་ཁུལ།
ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ།
གླེགས་བམ།
སྨན་རི་རྒྱལ་ཁབ་སྤྱི་གླིང་གི་དབུ་ནུབ་སྟེང་མཛེས་ལྗོངས་ལྟ་ས་དང་སྨན་རི་རྒྱལ་ཁབ་སྤྱི་གླིང་མེ་ལོང་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཚང་མར་སྒོ་འཛིན་མི་དགོས།(ལྟ་སྐོར་རླངས་འཁོར་ཚུད་མེད།)པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་མཛེས་ལྗོངས་ཁུལ་དང་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ལ་རིན་གོང་འཕྲི་བརྒྱད་ཆག་པ་དང་(ལྟ་སྐོར་རླངས་འཁོར་ཚུད་མེད)སྒོ་འཛིན་གྱི་རིན་གོང་སོ་སོར་སྒོར་55དང་སྒོར་36བར་ཆག་རྒྱུ།ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ་གྱིས་བདེ་ཆེན་ཁུལ་ནས་ཡིན་པའི་ཡུལ་སྐོར་བར་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་མི་དགོས་པ་དང་(ལྟ་སྐོར་རླངས་འཁོར་ཚུད་མེད)རང་ཉིད་ཀྱི་གོ་ཆོད་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ལོངས་སྤྱོད་བྱེད་ཆོག་པ་རེད། ས་དམ་དང་ཏ་ལི་ནས་ཡིན་པའི་ཡུལ་སྐོར་བས་རང་ཉིད་ཀྱི་གོ་ཆོད་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ལྗོངས་ཁུལ་གྱི་སྒོ་འཛིན་གོང་ཕྱེད་ཆག་ཆོག་པ་དང་(ལྟ་སྐོར་རླངས་འཁོར་ཚུད་མེད)ཡུལ་སྐོར་བའི་སྒོ་འཛིན་ནམ་པ་སེ་ལ་བརྟེན་ནས་མཛེས་ལྗོངས་ཁུལ་གྱི་ཟ་ཁང་གི་འཛད་སྤྱོད་གཟིགས་སྐྱོང་སྤ་སེ་ཡང་བརྗེ་ཆོག་པ་རེད། ཤམ་བྷ་ལ་རླངས་འཁོར་གྱི་སྤ་སེའི་རིན་གོང་ཕྱེད་ཀ་བཅག་ནས་སྒོར་50བར་བཅག་ཡོད་པ་རེད།ཤམ་བྷ་ལ་དུས་འཁོར་བློས་བསླངས་སྒོ་འཛིན་རིན་གོང་ཕྱེད་ཆག་པ་དང་སྒོར་50རེད།