ལི་ཐང་རྫོང་གིས་ཡུལ་སྐོར་མིང་བྱང་གསར་བ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

2.jpg

ལི་ཐང་གནའ་གྲོང་། 

    ཉེ་ཆར། ཞིང་ལས་འཕེལ་རྒྱས་དངུལ་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཡན་ལག་དངུལ་ཁང་གིས་ལི་ཐང་རྫོང་ལི་ཐང་གནའ་གྲོང་གིསAAAAརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པའི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་དུས་རིམ་དང་པོའི་མ་དངུལ་སྒོར་ཁྲི914བཏང་བ་མཇུག་སྒྲིལ་པ་དང་བསྟུན། ལི་ཐང་རྫོང་ལི་ཐང་གནའ་གྲོང་གིསAAAAརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པའི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་དུས་རིམ་དང་པོའི་རྣམ་གྲངས་ཕྱི་ཕྱོགས་སུ་ཚོད་ལྟའི་ངང་སྒོ་འབྱེད་པའི་རྣམ་པར་སླེབས། ལི་ཐང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་ཡུལ་སྐོར་པར་དགའ་བསུ་བྱེད་བཞིན་ཡོད། 

    ལི་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། རྒྱལ་ལམ318ལམ་ཐིག་ཤར་ནས་ནུབ་བར་རྫོང་ཡོངས་སུ་བརྒལ་ཡོད། རྒྱལ་ལམ227ལམ་ཐིག་ལི་ཐང་བརྒྱུད་དེ་འདབ་པ་དང་། དེ་ནས་ཡུན་ནན་དུ་སླེབས་ཡོད་པས་བོད་འབྲེལ་ས་ཁུལ་གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲའི་གཞུང་ལམ་བཞི་མདོ་ཞིག་ཡིན། ཆ་སྙོམས་ས་བབ་སྨི་སྟོང་བཞི་ལྷག་ཏུ་ཟིན་པས“ནམ་མཁའི་གྲོང་ཁྱེར”དང“འཛམ་གླིང་མཐོ་གྲོང”ཞེས་བརྗོད་བཞིན་ཡོད། ལི་ཐང་གནའ་མཁར་དེ་ནི་ལི་ཐང་རྫོང་མཁར་བྱང་མཁར་གྲོང་རྙིང་བར་གནས་ཤིང་། གནའ་མཁར་ནང་ཁུལ་དུ་གནའ་ནས་ད་བར་གྱི་ལོ་ངོ400ལྷག་གི་ལོ་རྒྱུས་ལྡན་པའི་ཚངས་དབྱངས་རྒྱ་མཚོའི་གནའ་ཤུལ་གྱི་གཟིམ་ཁང་ཁང་རྙིང་དང་། དྲ་གྲགས་ཁམས་པའི“པྲ་ཚིལ་གྱི་གཟུགས་བརྙན”གྱི་དངོས་མང་བཤམས་སྟོན་ཁང་ཆུང་གྲས། བོད་ཀྱི་ཟློས་གར་གྱི་དངོས་མང་བཤམས་སྟོན་ཁང་ཆུང་གྲས། མཛེས་སྡུག་ལྡན་པའི་ཡུལ་ལྗོངས། ཐུན་མོང་མ་ཡིན་པའི་རིག་གནས། གནས་མཆོག་སོགས་ལི་ཐང་རྫོང་གིས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱེད་པའི་ལྟེ་བའི་འགྲན་སློང་ཞིག་ཏུ་གྱུར་ཡོད། དེའི་སྟེང་བསྟན་འཛིན་གྱི་དྲིལ་སྒྲོག་སྣེ་ཁྲིད་ལ་བརྟེན་ནས་ལི་ཐང་རྫོང་ནི་ཡུལ་སྐོར་པས་སྨོན་འདུན་བྱེད་པའི་གནས་སུ་གྱུར་ཞིང་། ལི་ཐང་རྫོང་གི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་ཞིག་བསུས།

    ཉེ་བའི་ལོ་འགའི་རིང་།ལི་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུལ་སྐོར་ཁོངས་ཡོངས་ལས་དོན་དམ་པོར་བཟུང་ནས།ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། 2016ལོར“ལི་ཐང་གནའ་གྲོང—དུས་སྟོང་བོད་སྡེ”ཞེས་པའི་རྣམ་གྲངས་གསར་སྐྲུན་བྱས་ནས། 2019ལོར་ལི་ཐང་གནའ་གྲོང་དེ་རྒྱལ་ཁབ་ཀྱིAAAAརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས། འཆར་འགོད་ལྟར་ན་རྣམ་གྲངས་དེ་དུས་རིམ་གཉིས་སུ་བགོས་ཤིང་། མཛེས་ལྗོངས་ཁུལ་གྱི་དུས་རིམ་དང་པོ་དང་གཉིས་པའི་ལས་གཞིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི1.5ཟིན་ཞིང་། མཛེས་ལྗོངས་ཁུལ་གྱིས་ཧུར་གྱིས་ཉམས་ལེན་རང་བཞིན་གྱི་ཡུལ་སྐོར་གཙོ་བོར་བཏོད་ཅིང་། “ནམ་མཁའི་གྲོང་ཁྱེར——ཚངས་དབྱངས་རྒྱ་མཚོར་མཇལ་བ”ཞེས་པ་སྤུས་རྟགས་སུ་བཟུང་ནས། དངོས་མང་བཤམས་སྟོན་ཁང་ཆུང་གྲས་ཚོགས་དང་། རིག་གནས་གསར་གཏོད། ཞིང་ཕྱུགས་ཐོན་རྫས། བཟའ་བཏུང་ཞག་སྡོད་ཞབས་ཞུའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་བཞིན་ཡོད།

    ཞིང་ལས་འཕེལ་རྒྱས་དངུལ་ཁང་སྟེ་སི་ཁྲོན་དཀར་མཛེས་ཡན་ལག་དངུལ་ཁང་གིས་རང་འགུལ་གྱིས་ལངས་ཕྱོགས་བཟུང་ནས། དུས་ཐོག་ཏུ་རྫོང་སྲིད་གཞུང་དང་། ཁེ་ལས་དང་སྦྲེལ་མཐུད་གང་ལེགས་བྱས་ནས་མ་དངུལ་མཉམ་འདྲེས་དགོས་མཁོ་ཤེས་རྟོགས་བྱུང་ནས། རྣམ་གྲངས་དེ་ལག་བསྟར་བྱས་ན་དཀའ་ངལ་ཆེ་བ་དང་། མ་དངུལ་མི་འདང་བ། མ་དངུལ་འཕེལ་རྒྱས་ཉུང་བ་སོགས་ཀྱི་གནད་དོན་རྟོགས་རྗེས། ཡན་ལག་དངུལ་ཁང་གིས་མྱུར་དུ་རྣམ་གྲངས་མཁྲེགས་གཏོར་ཚོགས་ཆུང་སྒྲིག་འཛུགས་བརྒྱུད་དེ་ཆེད་མཁས་མི་སྣ་ཀུང་སི་རུ་མངགས་ནས་ཁེ་ལས་ལ་ཞབས་ཞུ་བསྐྱལ་བ་དང་། གཏིང་ཟབ་ངང་ཞུགས་པ་དང་། མཉམ་དུ་དཀའ་ངལ་སེལ་བ། “ཡིད་རྟོན་དངུལ་བུན+ཀུང་སི+མཛེས་ལྗོངས་ཁུལ+ཐོན་ལས་ཁྱད་ལྡན+ཞིང་དུད”བཅས་ཀྱི་འབབ་འཕར་ཕན་འབྲས་ལྡན་པའི་གཉེར་སྐྱོང་དཔེ་དབྱིབས་བཙུགས་ཏེ། ཆེད་ལས་ཀྱི་ཞབས་ཞུ་དང་ལས་བཀུར་འདུ་ཤེས། སྤུས་ལེགས་ཕན་འབྲས་ལྡན་པའི་ངང་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཞིབ་བཤེར་གོ་རིམ་ནང་བཅུག

    2019ལོའི་ཟླ3པར། ཡན་ལག་དངུལ་ཁང་གིས་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་ལ་སྙན་ཞུ་ཕུལ་བའི་ལི་ཐང་རྫོང་གནའ་གྲོང་གིསAAAAརིམ་པའི་མཛེས་ལྗོངས་ཁུལ་སྐྲུན་པའི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་དངུལ་བུན་སྒོར་དུང་ཕྱུར1.9ལ་ཆོག་མཆན་ཐོབ་པ་དང་། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.45བཏང་ཡོད། རྣམ་གྲངས་འཛུགས་སྐྲུན་ནང་དོན་གཙོ་བོ་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་དང་། སྦུག་ལམ། གློག་ཤུགས། སྡོད་ཁང་། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད། ལྗོངས་གཟིགས་མཐོར་འདེགས་དང་ལྟེ་བའི་ཐོན་ཁུངས་སྔོག་འདོན། མཁྲེགས་ཆས་མཉེན་ཆས་སྒྲིག་བཀོད་འཛུགས་སྐྲུན་སོགས་ཇེ་ལེགས་སུ་གཏོང་རྒྱུ་རེད།

    ཡན་ལག་དངུལ་ཁང་གི་དངུལ་བུན་བཏང་ནས་རྒྱབ་སྐྱོར་བྱས་པ་བརྒྱུད། ལི་ཐང་གནའ་གྲོང་གིས་བོད་སྡེ13གྱི་དུད་ཁྱིམ4000གིས་གྲུབ་པའི་བོད་ཁང་གཅིག་སྡུད་ཅན་གྱི་བོད་འབྲེལ་ས་ཁུལ་ཆེས་གཅིག་སྡུད་དང་གཞི་ཁྱོན་ཆེས་ཆེ་བའི་དུད་སྟོང་བོད་སྡེ་བསྐྲུན། རྣམ་གྲངས་ཀྱིས་ཐད་ཀར་ཕན་ཐོགས་པའི་མི་གྲངས4439ཟིན་ཞིང་། དེའི་ནང་བྱང་བུ་བཙུགས་པའི་དབུལ་ཕོངས་མི་འབོར1275ཡོད་ལ། རྣམ་གྲངས་ཀྱིས་ཕན་ཐོགས་པའི་མི་གྲངས28.72%སླེབས།  །